མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

APECལས་འཛིན་ལྷན་ཚོགས་ཀྱིས་སྤྱི་ལོ2014ལོ་ནས2015ལོའི་བར་གྱི་ལོ་འཁོར་སྙན་ཞུ་དངོས་སུ་ཡོངས་བསྒྲགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-09 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་ལས་འཛིན་ལྷ་ཚོགས་ཀྱིས་ཚེས་༧ཉིན་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་གྲོས་ཚོགས་་གཟའ་འཁོར་རིང་ས་ཁོངས་རྒྱལ་ཁབ་ཀྱི་སྤྱི་ལོ2014ལོ་ནས2015ལོའི་བར་གྱི་ལོ་འཁོར་སྙན་ཞུ་དངོས་སུ་ཡོངས་བསྒྲགས་བྱས་ཡོད།

སྙན་ཞུའི་ནང་་བསྟན་པར། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རང་མོས་ཉོ་ཚོང་ཁུལ་ནི་སྔར་བཞིན་ས་ཁོངས་ཉོ་ཚོང་གི་མ་འཇོག་རང་མོས་མངོན་འགྱུར་ཡོང་རྒྱུ་དང་ས་ཁོངས་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་མཐར་ཐུག་གི་དམིགས་ཡུལ་ཡིན་ཞེས་དང་། སྙན་ཞུའི་ནང་། མ་གཞི་མིག་སྔར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་འཕར་ཚད་ཅུང་འགོར་དུ་ཕྱིན་ཡོད་ན་ཡང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་ལ་གདེང་འཇོག་བྱེད་སྐབས་འཕར་སྣོན་མྱུར་ཚད་ཁོ་ནར་བལྟ་མི་རུང་བར་འཕར་སྣོན་གྱི་སྤུས་ཚད་དང་ལས་ཞུགས་འགན་སྲུང་ཐུབ་ཚད། ས་ཁུལ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་འགྲོ་ཚད་བཅས་ལ་དོ་སྣང་བྱེད་དགོས་ཞེས་བསྟན་ཡོད་པ་དང་། སྙན་ཞུའི་ནང་སྔོན་དཔག་བྱས་པར་གཞིགས་ན། འབྱུང་འགྱུར་ལོ5ནས10བར་གྱི་དུས་ཚོད་ནང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་ཨང་དང་པོ་ནི་ལག་རྩལ་གསར་གཏོད་ཡིན་པ་དང་། ཨང་གཉིས་པ་ནི་སྲིད་ཇུས་ཀྱི་བསྒྱུར་བཅོས་ཡིན། དར་རྒྱས་ཆེ་བའི་དཔལ་འབྱོར་མ་ལག་གིས་གཙོ་གནད་དེ་ལག་རྩལ་གསར་གཏོད་ཐད་འཇོག་དགོས་པ་དང་། གསར་དར་དཔལ་འབྱོར་མ་ལག་གིས་གཙོ་གནད་དེ་སྲིད་ཇུས་བསྒྱུར་བཅོས་ཐད་འཇོག་དགོས་པ། གཞན་ཡང་རྨང་གཞིའི་སྒྲིག་བཀོད་ཐད་ཀྱི་མ་འཇོག་དང་འཛུགས་སྐྲུན་ཁྱབ་ཁོངས་ནང་གསར་དར་དཔལ་འབྱོར་མ་ལག་གི་དགོས་མཁོ་དང་ཧུར་སེམས་མངོན་གསལ་དོད་དུ་འགྲོ་གི་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག