མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཨེ་པོ་ལའི་བདེ་འཇགས་དུར་འཇུག་ཐད་ཀྱི་ཚད་གཞི་ཡོངས་བསྒྲགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-09 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་སྤྱི་ཚེས7ཉིན་ཨེ་པོ་ལའི་བདེ་འཇགས་དུར་འཇུག་ཐད་ཀྱི་ཚད་གཞི་གསར་ཤོས་ཡོངས་བསྒྲགས་བྱས་ཤིང་། ཁྱིམ་ཚང་གི་ཁོངས་མི་ཐེ་ཞུགས་དང་ཆོས་ལུགས་གོམས་གཤིས་ལ་བརྩི་འཇོག་བྱེད་རྒྱུ་ནི་བདེ་འཇགས་ངང་དུར་འཇུག་བྱེད་རྒྱུའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་ནན་བཤད་བྱས་ཡོད།

གཞན་ཡང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཉིན་དེ་རང་ལ་རྒྱལ་ཁབ་གཞན་དག་གིས་ནད་ཡམས་ལངས་ཁུལ་ལ་དམིགས་ནས་ཉོ་ཚོང་དང་ཡུལ་སྐོར་ཐད་བཀག་འགོག་བྱེད་པར་ངོ་རྒོལ་དང་ནད་ཡམས་ཁུལ་ནས་ཕྱིར་ལོག་བྱེད་མཁན་ཚང་མ་ལོགས་སུ་འཇོག་པར་ངོ་རྒོལ་བྱེད་རྒྱུ་ཡིན་ཞེས་གསལ་བཤད་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག