མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་རལ་གྱི་ཙུང་ལིས་ཨཱ་པ་སི་ནས་ཅེ་རུ་ས་ལེམ་དུ་བྱུང་བའི་འཇབ་རྒོལ་དོན་རྐྱེན་ལ་འགན་འཁུར་དགོས་ཞེས་བསྟན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-07 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རན་གྱི་ཙུང་ལི་ནེད་ཐཱ་ནི་ཡཱ་ཧུས་སྤྱི་ཚེས5ཉིན་པ་ལི་སི་ཐན་གྱི་ཙུང་ཐུང་ཨཱ་པ་སིས་ཉིན་དེར་ཅེ་རུ་ས་ལེམ་དུ་བྱུང་བའི་འཇབ་རྒོལ་དོན་རྐྱེན་ལ་འགན་འཁུར་དགོས་ཞེས་བསྟན་ཡོད་པ་རེད།

ནེད་ཐཱ་ནི་ཡཱ་ཧུས་དབྱི་སི་རན་གྱི་དེ་སྔའི་ཙུང་ལི་ལ་པིན་ལྐོག་བསད་བྱས་ནས་ལོ་བཅུ་དགུ་འཁོར་བའི་རྗེས་དྲན་མཛད་སྒོའི་ཐོག་གཏམ་བཤད་གནང་སྐབས། སྤྱི་ཚེས་ལྔ་ཉིན་གྱི་ཉིན་གུང་དུ་བྱུང་བའི་ཅེ་རུ་ས་ལེམ་གྱི་འཇབ་རྒོལ་དོན་རྐྱེན་ནི་ཨཱ་པ་སི་དང་ཧ་མཱ་སི་གཉིས་ཀྱིས་ཐད་ཀར་ངན་སྐུལ་བྱས་པའི་ངན་འབྲས་ཡིན་ཞེས་དང་། ཁོང་གིས་དབྱི་སི་རན་གྱིས་ཉེན་རྟོག་སྟོབས་ཤུགས་ཐམས་ཅད་བཀོད་སྒྲིག་བྱས་ནས་ཅེ་རུ་ས་ལེམ་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བསྟན་ཡོད། སྤྱི་ཚེས་ལྔ་ཉིན་ཅེ་རུ་ས་ལེམ་དུ་པ་ལི་སི་ཐན་བས་རླངས་འཁོར་བཏང་ནས་ལྕགས་ལམ་གྱི་ལམ་རྒྱུད་དུ་དབྱི་སི་རལ་གྱི་ཉེན་རྟོག་པ་དང་ལམ་འགྲུལ་བར་འཇབ་རྒོལ་བྱེད་པའི་དོན་རྐྱེན་བསྐྱར་དུ་ཐོན་ཡོད་པ་དང་། དབྱི་སི་རན་གྱི་ཉེན་རྟོག་པ་གཅིག་རྐྱེན་ལམ་དུ་ཤོར་ཡོད་པ་དང་། མི་བཅུ་ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག