མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་པོ་ལའི་ནད་ཡམས་ཀྱིས་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་གསུམ་གྱི་དཔལ་འབྱོར་ལ་གནོད་འཚེ་ཚབས་ཆེན་བཟོས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-07 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་ལྔ་ཉིན་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཧྲུའུ་ཡིས། ཨ་ཧྥེ་རི་ཁ་ནུབ་མའི་ཨེ་པོ་ལའི་ནད་ཡམས་ཀྱིས་ཀི་ནེ་ཡ་དང་ལི་པི་རི་ཡ། སད་ར་ལ་ཨོང་བཅས་ཀྱི་དཔལ་འབྱོར་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པས། ཉེ་ལམ་ལོ་ཤས་རིང་རོགས་སྐྱོར་དང་བུ་ལོན་གཡར་མི་དགོས་པར་འགྱུར་བའི་རྒྱལ་ཁབ་དེ་དག་ལ་སླར་ཡང་ཉེན་ཁ་འཕྲད་ཡོད་ཅེས་བསྟན་འདུག

གསར་སྤེལ་འཆར་འགོད་ཧྲུའུ་ཡི་ཞིབ་འཇུག་སྙན་ཞུ་གསར་ཤོས་ནང་གསལ་བར། རྒྱལ་ཁབ་གསུམ་པོ་དེ་དག་གི་སྲིད་གཞུང་ལ་ཨ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཉིས་དང་ས་ཡ་བརྒྱད་བྱུང་ཚེ། གཞི་ནས་ནད་ཡམས་མ་ཐོན་གོང་གི་ཆུ་ཚད་སླར་གསོ་ཐུབ་ཀྱི་ཡོད་པས། སྟོང་ཆ་དེ་གཙོ་བོ་ནད་ཡམས་ཀྱི་གཏོང་སྒོ་མང་དུ་ཕྱིན་པ་དང་ཡུལ་སྐོར། གཏེར་ལས། ཉོ་ཚོང་བྱེད་སྒོ་ཉུང་དུ་ཕྱིན་པ་བཅས་ཀྱི་རྐྱེན་ལས་ཐོན་པ་ཞིག་ཡིན་ཞེས་བསྟན་ཡོད།

སྙན་ཞུའི་ནང་། ནད་ཡམས་ལ་ཁ་གཏད་གཅོག་ཆེད། རྒྱལ་ཁབ་གསུམ་གྱི་སྲིད་གཞུང་གིས་ཆ་སྙོམས་གཏོང་སྒོ30%ཙམ་ཁ་སྣོན་བརྒྱབ་པས། ནོར་སྲིད་ཀྱི་མཚལ་ཡིག་འཕར་ཡོད། དེ་མིན། ལི་པི་རི་ཡ་དང་སད་ར་ལ་ཨོང་ལ་རྨང་གཞིའི་འཛུགས་སྐྲུན་ཐད་ཁག་སོ་སོར་ཨ་སྒོར་བྱེ་བ་གཉིས་དང་ཨ་སྒོར་བྱེ་བ་གཅིག་དང་ས་ཡ་དྲུག་གྱི་གྱོང་གུན་ཕོག་ཡོད་པས། རྒྱལ་ཁབ་གསུམ་པོ་དེ་དག་གིས་རྒྱལ་ཁབ་ཕྱི་ནང་ལ་བུ་ལོན་གཡར་འགོ་ཚུགས་ཡོད་ཅེས་བསྟན་ཡོད་པ་རེད།

སྤྱི་ཚེས་ལྔ་ཉིན་འཛམ་གླིང་དངུལ་ཁང་གཤམ་འོག་གི་རྒྱལ་སྤྱིའི་དངུལ་རྩ་ཀུང་སིས། ཀེ་ནི་ཡ་དང་ལི་པི་རི་ཡ། སད་ར་ལ་ཨོང་བཅས་ལ་ཨ་སྒོར་དུང་ཕྱུར་བཞི་དང་བྱེ་བ་ལྔའི་ཚོང་ལས་མ་རྩ་བསྡུ་རུབ་ཀྱི་འཆར་འགོད་ལག་བསྟར་བྱས་ནས། རྒྱལ་ཁབ་གསུམ་པོ་དེ་དག་གི་ཉོ་ཚོང་དང་མ་འཇོག ལས་ཞུགས་བཅས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག