མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་མཐོ་རིམ་དཔོན་རིགས་ཀྱི་གྲོས་ཚོགས་སྐོང་འཚོགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-07 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ལོ2014ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་མཐོ་རིམ་དཔོན་རིགས་ཀྱི་གྲོས་ཚོགས་མཇུག་ཤོས་དེ་སྤྱི་ཚེས་ལྔ་ཉིན་པེ་ཅིན་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་སྐོང་འཚོགས་བྱས་པ་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་མི་སྣའི་གྲོས་ཚོགས་གཟའ་འཁོར་ཡང་ཉིན་དེ་ནས་བཟུང་འགོ་ཚུགས་ཡོད་པ་རེད།

 ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་དུས་ཡུན་ཉིན་གཉིས་ཡིན་པ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་མཐོ་རིམ་དཔོན་རིགས་གྲོས་ཚོགས་ཀྱི་ཀྲུའུ་ཞི། ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ལི་པའོ་ཏུང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད། དེ་ནི་ད་ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་མི་སྣའི་གྲོས་ཚོགས་གཟའ་འཁོར་གྱི་གྲོས་ཚོགས་ཐོག་མ་དེ་ཡིན། སྤྱི་ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན་ནས་བརྒྱད་ཉིན་བར། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་སྐབས་ཉི་ཤུ་རྩ་དྲུག་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐོང་འཚོགས་བྱ་རྒྱུ་དང་སྤྱི་ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན་ནས་བཅུ་གཅིག་ཉིན་བར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མ་ཡིན་པའི་གྲོས་ཚོགས་ཐེངས་ཉི་ཤུ་རྩ་གཉིས་པ་སྐོང་འཚོགས་བྱེད་རྒྱུ་ཡིན་པ་རེད།

གྲོས་ཚོགས་གཟའ་འཁོར་རིང་། ད་དུང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་མི་སྣའི་འགོ་གཙོའི་གྲོས་ཚོགས་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་མི་སྣ་དང་བཟོ་ཚོང་བློ་འདྲི་ཡུལ་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མིའི་སྐད་ཆ་ཤོད་རེས་གྲོས་ཚོགས་སོགས་བཟོ་ཚོང་ལས་རིགས་ཀྱི་བྱེད་སྒོ་གཉེར་རྒྱུ་ཡིན་པ་རེད།

ཐེངས་འདིའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མ་ཡིན་པའི་གྲོས་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི་མ་འོངས་ལ་ཁ་ཕྱོགས་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་རོགས་པའི་འབྲེལ་བ་མཉམ་དུ་འཛུགས་དགོས་ཞེས་པ་དེ་ཡིན། མིག་སྔར། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱིས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་དང་དཔལ་འབྱོར་གསར་གཏོད་གོང་འཕེལ། བསྒྱུར་བཅོས་འཕར་སྣོན་ལ་སྐུལ་འདེད་བཏང་ཏེ། ཕྱོགས་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་མཉམ་འབྲེལ་མཉམ་མཐུད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་གཙོ་གནད་གྲོས་གཞིའི་ཐད་ཐུན་མོང་ངོས་འཛིན་རྒྱ་ཁྱབ་དང་གཏིང་ཟབ་བྱུང་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག