མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སྐབས་སུ་ཕུའུ་ཅིན་དང་ཨོ་པ་མ་གཉིས་ཀྱིས་དངོས་གཞི་མིན་པའི་ཐུག་འཕྲད་བྱེད་སྲིད་ཅེས་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-06 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཁི་ལིན་མུའུ་ལིན་ཕོ་བྲང་གིས་ཚེས་ལྔ་ཉིན་བསྒྲགས་རྒྱུར། མི་འགྱང་བར་འཚོགས་རྒྱུ་ཡིན་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སྐབས་སུ། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་གཉིས་ཀྱིས་དངོས་གཞི་མིན་པའི་ཐུག་འཕྲད་བྱེད་སྲིད་ཟེར།

ཕུའུ་ཅིན་གྱི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུའུ་ཡིས་ཚེས་ལྔ་ཉིན་བཤད་རྒྱུར། སྐབས་དེར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་གཉིས་ཀྱིས་འབྲེལ་འདྲིས་བྱེད་སྲིད་ལ། རྒྱལ་སྤྱིའི་མཐོ་རིམ་གྲོས་ཚོགས་ཀྱི་སྐབས་སུ། མགོ་ཁྲིད་པ་རྣམས་ཀྱིས་འབྲེལ་འདྲིས་སྣ་ཚོགས་བྱེད་རྒྱུ་ཡིན་མོད། ཡིན་ནའང་ད་ལྟ་རྒྱལ་ཁབ་གཉིས་ཀྱིས་རང་རྐྱ་འཕེར་བའི་ཕྱོགས་གཉིས་ཀྱི་ཐུག་འཕྲད་ཅི་ཡང་བཀོད་སྒྲིག་བྱས་མེད་ཟེར།

ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་དེ་ཚེས་བཅུ་དང་བཅུ་གཅིག་ཉིན་གཉིས་ལ་པེ་ཅིན་ནས་བསྡུ་རྒྱུ་ཡིན་ལ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་དེ་ཚེས་བཅོ་ལྔ་དང་བཅུ་དྲུག་ཉིན་གཉིས་ལ་ཨོ་སི་ཁྲུ་ལི་ཡའི་པུའུ་ལེ་སི་པན་ནས་བསྡུ་རྒྱུ་རེད། ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་ད་ལོར་ཝུའུ་ཁི་ལན་གྱི་ཉམས་ཉེན་ལ་བརྟེན་ནས་འཇམ་འཐབ་མཇུག་རྫོགས་རྗེས་ཀྱི་ཆེས་སྡུག་པའི་ཚད་དུ་བསླེབས། ཕུའུ་ཅིན་དང་ཨོ་པ་མའི་ཐེངས་སྔོན་མའི་ཐུག་འཕྲད་ནི་ཟླ་དྲུག་པའི་ཚེས་བཞི་ཉིན་ཧྥ་རན་སིའི་ནོ་མན་ཏེ་སྐམ་སར་བུད་པར་དྲན་གསོ་ཞུ་བའི་བྱ་འགུལ་གྱི་སྟེང་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག