མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱིན་ཇིའི་དམག་དཔུང་ཡང་བསྐྱར་དབྱི་རག་ལ་སོང་ནས་དབྱི་རག་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འགོག་རྒོལ་བྱེད་པར་སྦྱོང་བརྡར་བྱེད་རྩིས་ཡོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-06 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་ཚགས་པར་ཞིག་གིས་ཚེས་ལྔ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱིན་ཇིའི་དམག་དཔུང་དབྱི་རག་ནས་ཕྱིར་འཐེན་བྱས་ཏེ་ལོ་གསུམ་འགོར་རྗེས། ཕྱིར་དབྱི་རག་ཏུ་ལོག་སྲིད་དེ། དབྱིན་ཇིས་དབྱི་རག་ལ་དམག་དཔུང་མངགས་ཏེ། དབྱི་རག་གི་དམག་དཔུང་གིས་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འགོག་རྒོལ་བྱེད་པར་སྦྱོང་བརྡར་བྱེད་རོགས་བྱ་རྩིས་ཡོད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། དབྱིན་ཇིའི་དམག་མི་ཁ་ཤས་ཨ་མེ་རི་ཁས་དབྱི་རག་གི་རྒྱལ་ས་པ་ཀི་ཏ་ན་བཙུགས་ཡོད་པའི་སྤྱི་ཁྱབ་ལས་ཁུངས་ཁ་ཤས་སུ་སོང་ནས་དབྱི་རག་གི་དམག་མི་སྦྱོང་བརྡར་བྱེད་པ་དང་བློ་འདོན་པ་བྱེད་རྒྱུ་ཡིན་ལ། སྦྱོང་བརྡར་ཚན་ཆུང་ཁ་ཤས་དབྱི་རག་བྱང་ཕྱོསག་ཀྱི་ཁུའུ་ཨར་ཏི་ས་ཁུལ་ལ་མངགས་སྲིད་ཟེར། གསར་འགྱུར་དེའི་ནང་དུ་གནས་ཚུལ་དེ་ཞིབ་ཅིང་ཕྲ་བར་བཀོད་མེད་པ་དང་། དབྱིན་ཇིའི་རྒྱལ་སྲུང་པུའུ་ཡིས་ཀྱང་གནས་སྐབས་སུ་དེར་ལན་བཏབ་མེད། ད་ལྟ་དབྱིན་ཇིས་འཐབ་འཛིང་གནམ་གྲུ་མངགས་ཏེ་ཨ་མེ་རི་ཁ་སོགས་དང་མཉམ་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་བར་སྣང་ནས་འཇབ་རྒོལ་བྱེད་བཞིན་ཡོད་ལ། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མཱེ་ལུང་གིས་དབྱི་རག་ལ་ས་ཐོག་གི་དམག་དཔུང་མངགས་རྒྱུ་མིན་ཞེས་བཤད་མྱོང་། ཉིས་སྟོང་གསུམ་ལོར་དབྱིན་ཇི་ཨ་མེ་རི་ཁའི་རྗེས་སུ་འབྲངས་ཏེ་དབྱི་རག་གི་དམག་འཁྲུག་བསླངས་པ་དང་། ལོ་བརྒྱད་ཀྱི་རྗེས་ཏེ་ཉིས་སྟོང་བཅུ་གཅིག་ལོར་དབྱིན་ཇིའི་མཇུག་མཐའི་དམག་དཔུང་དབྱི་རག་ནས་ཕྱིར་འཐེན་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག