མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་རྫས་སྐོར་དྲུག་པ་ཝུའུ་ཁི་ལན་ལྷོ་ཕྱོགས་སུ་འབྱོར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-05 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་རྫས་སྐོར་དྲུག་པ་དྲུད་པའི་རླངས་འཁོར་རུ་ཁག་ཚེས་བཞི་ཉིན་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཏོན་ཉེ་ཚིས་ཁི་དང་ལུའུ་ཀན་སི་ཁི་ལ་འབྱོར་བ་དང་། བསྡོམས་པས་ཏུན་བརྒྱ་ལྷག་གི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་རྫས་བསྐྱལ།

ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཉམས་ཉེན་གནས་ཚུལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཝོ་ལོ་ནོ་ཧྥུའུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། རླངས་འཁོར་ཆེ་བ་ཉི་ཤུས་གྲུབ་པའི་རོགས་སྐྱོབ་དངོས་རྫས་དྲུད་པའི་རླངས་འཁོར་རུ་ཁག་གིས་ཚེས་བཞི་ཉིན་གྱི་ཞོགས་པར་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མཐའ་མཚམས་ནས་འགག་སྒོ་བརྒལ་བའི་འགྲོ་ལུགས་བསྒྲུབས་རྗེས་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་སོང་བ་དང་། དེ་ནས་རླངས་འཁོར་ཆེ་བ་བཅུ་རེ་བྱས་ཏེ་སྐོར་གཉིས་སུ་བགོས་ཏེ་སོ་སོར་ཏོན་ཉེ་ཚིས་ཁི་མངའ་སྡེ་དང་ལུའུ་ཀན་སི་ཁི་མངའ་སྡེ་རུ་བསྐྱོད། རོགས་སྐྱོབ་དངོས་རྫས་ནི་ས་དེའི་དགོས་མཁོ་ལྟར་འདོན་སྤྲོད་བྱས་པ་ཡིན་ལ། མིག་སྔར་ཉེ་བར་མཁོ་བའི་སྨན་རྫས་དང་འབར་རྫས་གཙོ་བྱས་ཏེ་བསྡོམས་པས་ཏུན་བརྒྱ་ལྷག་ཡོད་ཟེར།

ད་ལོའི་ཟླ་བརྒྱད་པའི་ཚུན་ལ། ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་ཤར་ཕྱོགས་ལ་བསྡོམས་པས་རོགས་སྐྱོབ་དངོས་རྫས་ཏུན་སྟོང་བརྒྱད་དང་བརྒྱ་ཐམ་པ་བསྐྱལ། ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཨུ་རུ་སིའི་བྱ་སྤྱོད་དེར་ངོ་རྒོལ་བྱེད་བཞིན་པ་མ་ཟད། ཨུ་རུ་སི་ཡིས་དེ་དང་བསྟུན་ནས་ཝུའུ་ཁི་ལན་ལ་བཙན་འཛུལ་བྱེད་སྲིད་པར་སེམས་ཁུར་བྱེད་བཞིན་ཡོད་མོད། ཡིན་ནའང་ཨུ་རུ་སི་ཕྱོགས་ཀྱིས་བཤད་ཚུལ་དེ་གཏན་ནས་ཁས་མ་བླངས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག