མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གྱི་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱི་མགོ་ཁྲིད་པས་འགན་ཁུར་དམ་བཅའ་བཞག

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-05 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་དྲག་ཆས་རྩ་འཛུགས་ཀྱི་མགོ་ཁྲིད་པ་ཀྲ་ཧར་ཆིན་ཁི་ཡིས་ས་དེའི་ཚེས་བཞི་ཉིན་འགན་ཁུར་དམ་བཅའ་བཞག་སྟེ། “ཏོན་ཉེ་སི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ”ཅེས་པའི་མགོ་ཁྲིད་པར་གྱུར། ཀྲ་ཧར་ཆིན་ཁི་ཡིས་ཁོས་ཝུའུ་ཁི་ལན་གྱི་ཙུང་ཐུང་པོ་ལོ་ཧྲིན་ཁི་ལ་གྲོས་མོལ་བྱེད་རྒྱུའི་གྲ་སྒྲིག་བྱས་ཡོད་ཅེས་བཤད།

ཨུ་རུ་སིའི་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉིན་དེར་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱིས་ཏོན་ཉེ་ཚིས་ཁི་གླུ་གར་གླིང་ནས་ཀྲ་ཧར་ཆིན་ཁི་ཡི་འགན་ཁུར་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས་པ་དང་། མཛད་སྒོའི་སྟེང་ཀྲ་ཧར་ཆིན་ཁི་ཡིས་ཁོས“ཏོན་ཉེ་ཚིས་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ”ཀྱི་མི་དམངས་ལ་ཞབས་ཕྱི་བསྒྲུབ་རྒྱུ་ཡིན་ཞེས་དམ་བཅས་ཟེར།

རྒྱལ་སྤྱིའི་གློག་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཀྲ་ཧར་ཆིན་ཁི་ཡིས་ཉིན་དེར་གསར་འགྱུར་ལས་ཁུངས་ལ་ཁོས་ཝུའུ་ཁི་ལན་གྱི་ཙུང་ཐུང་པོ་ལོ་ཧྲིན་ཁི་དང་བཅས་པའི་མི་སྣར་གྲོས་མོལ་བྱེད་རྒྱུར་གྲ་སྒྲིག་བྱས་ཡོད་ཅེས་བཤད་ཟེར།

ཀྲ་ཧར་ཆིན་ཁི་ཡིས་ད་དུང་བཤད་རྒྱུར། མིག་སྔར་ཝུའུ་ཁི་ལན་སྲིད་གཞུང་དམག་དང་དམངས་ཁྲོད་དྲག་ཆས་རྩ་འཛུགས་བར་དུ་ད་དུང་གྲོས་མོལ་བྱེད་བཞིན་ཡོད་ལ། ཕྱོགས་གཉིས་ཀས་ཚེས་ལྔ་ཉིན་མཚོན་ཆ་དྲག་པོའི་རིགས་འཐབ་འཁྲུག་རྒྱག་ས་ནས་སྤྱི་ལེ་བཅོ་ལྔའི་ས་རུ་ཕྱིར་འཐེན་བྱེད་པའི་གནད་དོན་ཐག་གཅོད་པར་རེ་བ་ཆེ་ཟེར།

ཟླ་འདིའི་ཚེས་གཉིས་ཉིན། ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱིས་རང་གིས་བཙུགས་པའི་“ཏོན་ཉེ་ཚིས་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ”དང“ལུའུ་ཀན་སི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ”ཀྱི་མངའ་ཁོངས་ནས་མགོ་ཁྲིད་པ་དང་གྲོས་ཁང་གི་འདེམ་བསྐོ་བསྡུས། ཚེས་གསུམ་ཉིན་ས་ཁུལ་གཉིས་ཀྱི“ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང”གིས“ཏོན་ཉེ་ཚིས་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ”ཀྱི“ཙུང་ལི”ཀྲ་ཧར་ཆིན་ཁི་ལ“སྤྱི་མཐུན་རྒྱལ་ཁབ”ཀྱི་མགོ་ཁྲིད་པའི་འདེམ་བསྐོའི་ཁྲོད་འདེམ་ཤོག་བརྒྱ་ཆའི་དོན་བརྒྱད་ལྷག་ཐོབ་ནས་རྒྱལ་བ་དང་། “ལུའུ་ཀན་སི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ”ཀྱི“ཙུང་ལི”ཕུའུ་ལོ་ཐི་ཉེ་ཚིས་ཅི་ལ་འདེམ་ཤོག་བརྒྱ་ཆའི་རེ་གསུམ་ལྷག་ཐོབ་ནས་མགོ་ཁྲིད་པའི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ཅེས་བསྒྲགས། ཝུའུ་ཁི་ལན་དཔོན་ཕྱོགས་ཀྱིས་འདེམ་བསྐོ་དེ་ནི་ཟློས་གར་ལྟ་བུ་ཞིག་ཡིན་ལ། དེ་སྔོན་ཆད་བཀོད་པའི་མེན་སི་ཁི་གྲོས་ཆོད་དང་གཏན་ནས་འགལ་ཡོད་པ་མ་ཟད། འདེམ་བསྐོ་རྫུན་མ་ཞིག་ཡིན་ཞེས་བཤད།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འདེམ་བསྐོ་དེར་ལངས་ཕྱོགས་མི་འདྲ་བ་བཟུང་ཡོད་དེ། ཝུའུ་ཁི་ལན་རང་བཙན་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་བཞི་ཉིན་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འདེམ་བསྐོ་དེས་ཝུའུ་ཁི་ལན་གྱི་ཞི་བདེ་བརྟན་འཇགས་ལ་གནོད་པ་ཐེབས་སྲིད་ཅེས་བཤད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་གཞོན་པ་ཧ་ཁི་ཡིས་དེའི་སྔོན་ལ་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་འདེམ་བསྐོ་དེར་ནུས་པ་ཅི་ཡང་མེད་ཅེས་བཤད།

 ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁས་ཀྱང་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་འདེམ་བསྐོའི་ཁྲིམས་མཐུན་རང་བཞིན་ཁས་མི་ལེན་ཞེས་བཤད། ཡིན་ནའང་ཨུ་རུ་སི་ཡིས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་མང་ཚོགས་ཚོས་འདེམ་བསྐོའི་ཁྲོད་དུ་མཚོན་པར་བྱས་པའི་འདོད་བློ་ལ་བརྩི་བཀུར་བྱེད་རྒྱུ་ཡིན་ཞེས་བཤད།

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག