མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རི་དང་མནའ་འབྲེལ་རྒྱལ་ཁབ་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྐྱོད་སྒྲིག་འཛུགས་ལ་རྡུང་རྡེག་གཏོང་བའི་བྱ་སྤྱོད་ལ་གྲོས་བསྡུར་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-05 10:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས3ཉིན། ཨ་རི་སྲིད་གཞུང་གིས་ཨ་རིར་བཅའ་སྡོད་མནའ་འབྲེལ་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོའི་གསང་བའི་གྲོས་མོལ་སྐོང་འཚོགས་བྱས་ཏེ། ཐལ་སྐྱོད་སྒྲིག་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་རྡུང་རྡེག་གཏོང་བའི་བྱ་སྤྱོད་མཉམ་བསྒྲིལ་དང་རིམ་སྤར་བྱེད་དགོས་མིན་སྐོར་གྲོས་བསྡུར་བྱས་ཡོད་པ་རེད།

ཨ་རིའི་རྒྱལ་དོན་ཁང་གིས་བསལ་བསྒྲགས་སྤེལ་ཏེ། གྲོས་ཚོགས་ཀྱི་དམིགས་ཡུལ་ནི། མནའ་འབྲེལ་རྒྱལ་ཁབ་ཀྱི་ཐུན་མོང་བྱ་སྤྱོད་ཆེད་འབད་བརྩོན་གང་འདྲ་བྱས་མིན་ནན་བཤད་བྱེད་རྒྱུ་དང་། རྒྱལ་ཁབ་རྐྱང་པའི་བྱ་སྤྱོད་མཉམ་འབྲེལ་བྱ་སྤྱོད་ནང་འཇུག་རྒྱུའི་ཐབས་ལམ་གྲོས་བསྡུར། མཉམ་འབྲེལ་བྱ་སྤྱོད་སྤེལ་མགྱོགས་སུ་གཏོང་བ་དང་མང་དུ་གཏོང་ཐབས་གྲོས་བསྡུར་བྱ་རྒྱུ་བཅས་ཀྱི་ཆེད་དུ་ཡིན་ཞེས་བཤད་ཡོད།

ཨ་རིའི་ཀྲུང་དབྱང་དམག་སྤྱི་པུས་ཉིན་དེར་སྤེལ་བའི་བསལ་བསྒྲགས་ནང་། ཨ་རི་དང་མནའ་འབྲེལ་རྒྱལ་ཁབ་ཀྱིས་འདས་ཟིན་པའི་ཉིན་བཞིའི་ནང་། སི་རི་ཡ་དང་དབྱི་རག་ས་ཁོངས་ནང་ཁུལ་གྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་སྒྲིག་འཛུགས་ཀྱི་དམིགས་སར་མཁའ་ཐོག་འཇབ་རྒོལ་བྱས་ཏེ། ཁུར་སྡེ་བས་སྒྲིག་འཛུགས་དེས་བྱང་ཕྱོགས་གྲོང་བརྡལ་ཆུང་ངུ་དེར་ཚུར་རྒོལ་རྒྱུན་མི་ཆད་པ་བྱས་པར་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་བྱས་ཡོད་ཅེས་བཤད་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག