མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སྐམ་སའི་དབུས་ཁུལ་གྱི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་མི་ཡིས་དཔལ་འབྱོར་གོང་འཕེལ་གྱི་འགྲན་སློང་ཐད་ལ་གླེང་མོལ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-05 10:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས3ཉིན་སྐམ་སའི་དབུས་ཁུལ་གྱི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ཐེངས་གཉིས་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཝེ་ཡེ་ན་སྤྱི་ཁྱབ་པུའུ་རུ་སྐོང་འཚོགས་བྱས་པ་དང་། ཚོགས་ཞུགས་འཐུས་མི་རྣམས་ཀྱིས་སྐམ་སའི་དབུས་ཁུལ་གྱི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་ལ་འཕྲད་པའི་འགྲན་སློང་ཇི་ལྟར་ཁ་གཏད་གཅོག་རྒྱུའི་ཐད་ནས་གླེང་མོལ་བྱས་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་གཞུང་ཕྱོགས་ཀྱི་གྲངས་གཞི་ལྟར་ན། མིག་སྔར་སྐམ་སའི་དབུས་ཁུལ་གྱི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་ཅུང་དམའ་བ་དང་། འགྲོ་བ་མིའི་རིགས་ཀྱི་གོང་འཕེལ་གྱི་ཆུ་ཚད་ཀྱང་ཅུང་དམའ་བ་རེད། སྐམ་སའི་དབུས་ཁུལ་གྱི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ32ནང་མང་ཤོས་ཤིག་ནི་ཆེས་དར་རྒྱས་ཕྱིན་མེད་པའི་རྒྱལ་ཁབ་དུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག