མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་གི་རྒྱལ་སའི་བྱང་ཕྱོགས་ས་ཁུལ་དུ་འགས་གཏོར་འཇབ་རྒོལ་ཐེབས་ཏེ་མི་བཅུ་དྲུག་ལ་རྨས་ཕོག

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-04 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ནང་སྲིད་པུའུ་ཡི་མི་སྣས་གསུམ་ཉིན་བཤད་རྒྱུར། དབྱི་རག་གི་རྒྱལ་ས་པ་ཀི་ཏའི་བྱང་ཕྱོགས་ས་ཁུལ་དུ་ཉིན་དེའི་དགོང་མོར་སྒྱོགས་མདེལ་ཕོག་སྟེ། ཉུང་མཐར་ཡང་མི་བཅུ་དྲག་ལ་རྨས་ཕོག་ཟེར།

ས་དེའི་ཚེས་གསུམ་ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་དང་ཕྱེད་ཀ་ཡས་མས་སུ། ཞིན་ཧྭ་གསར་འགྱུར་ཁང་གསར་འགོད་པས་པ་ཀི་ཏ་གྲོང་ཁྱེར་དཀྱིལ་དབུས་ནས་མཁར་གྲོང་གི་བྱང་ཕྱོགས་ནས་མེ་སྒྱོགས་དང་མེ་མདའི་སྒྲ་བསྟུད་མར་གྲགས་པ་ཐོས། དབྱི་རག་ནང་སྲིད་པུའུ་ཡི་མི་སྣས་གསར་འགོར་འགོད་པར་བདེན་དཔང་བྱས་པ་ལྟར་ན། པ་ཀི་ཏ་བྱང་ཕྱོགས་ཀྱི་ཧྲི་ཡེ་ཕྱོགས་ཁག་གི་སྡོད་དམངས་འདུས་སའི་ཁཱ་ཅི་མུས་ཡེ་ས་ཁུལ་ལ་ཉིན་དེའི་དགོང་མོར་སྒྱོགས་མདེལ་མང་བོའི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་བཅུ་དྲུག་ལ་རྨས་ཕོག་པ་དང་། ཉེ་འདབས་ཀྱི་ཁང་བ་ཁ་ཤས་ལ་ཡང་ཚད་མི་འདྲ་བའི་གཏོར་བརླགས་ཐེབས་ཟེར།

ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར། ཁཱ་ཅི་མུས་ཡེ་ས་ཁུལ་གྱི་ནང་དུ་བཙོན་ཁང་ཡོད་པའི་དམག་སྒར་ཞིག་གི་མཐའ་འཁོར་དུ་བསྟུད་མར་འགད་རྫས་དང་སྒྱོགས་མདེལ་གྱི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་ཅུ་ལ་རྨས་ཕོག ཆེད་དུ་རྒྱལ་སའི་བདེ་འཇགས་ཀྱི་འགན་ཁུར་བའི་དམག་དོན་ལས་ཁུངས་པ་ཀི་ཏ་འགུལ་སྐྱོད་བཀོད་འདོམས་ཁང་གི་མགྲིན་ཚབ་པས་བཤད་རྒྱུར། འཇབ་རྒོལ་བའི་དམིགས་ཡུལ་ནི་བཙོན་ཁང་དེ་རུ་བཅུག་ཡོད་པའི་འཇིགས་སྐུལ་མི་སྣ་སྐྱོབ་རྒྱུ་དེ་ཡིན་སྲིད་ཟེར།

ན་ནིང་གི་ལོ་འགོ་ནས་བཟུང་། དབྱི་རག་ནས་འཇིགས་སྐུལ་འཇབ་རྒོལ་དང་དྲག་ཤུགས་འཁྲུག་རྩོད་བསྟུད་མར་བྱུང་ནས། བདེ་འཇགས་གནས་བབ་ཛ་དྲག་ཏུ་གྱུར། མཉམ་འབྲེལ་རྒྱལ་ཚོགས་དབྱི་རག་རོགས་སྐྱོབ་ཚོགས་པ་དང་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་མི་གཞུང་སྒྲུབ་ཁང་གིས་བསྒྲགས་པའི་གྲངས་ཀ་ལྟར་ན། ད་ལོའི་ལོ་སྟོད་ལ། དབྱི་རག་གི་འཇིགས་སྐུལ་འཇབ་རྒོལ་དང་དྲག་ཤུགས་འཁྲུག་རྩོད་ཁྲོད་ནས་མི་སེར་སྟོང་ལྔ་དང་ལྔ་བརྒྱ་དོན་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་གཅིག་དང་སྟོང་གཅིག་ལྷག་ལ་རྨས་ཕོག་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག