མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རི་སི་ཡིས་ཝུའུ་ཁི་ལན་གྱི་ཤར་ལྷོའི་ཕྱོགས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་རྫས་སྐོར་ལྔ་བ་བསྐྱལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-03 11:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་ཚེས་གཉིས་ཉིན་རང་གི་དྲ་ཚིགས་སྟེང་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་རྫས་སྐོར་ལྔ་བ་དྲུད་པའི་རླངས་འཁོར་རུ་ཁག་གིས་ཉིན་དེར་ཝུའུ་ཁི་ལན་ཤར་ལྷོའི་ཕྱོགས་ལ་ཏུན་སྟོང་གཅིག་ལྷག་གི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་རྫས་བསྐྱལ་བ་ཡིན་ཟེར།

ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཉམས་ཉེན་གནས་ཚུལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཝོ་ལོ་ནོ་ཧྥུའུ་ཡིས་མཚམས་སྦྱོར་བྱེད་རྒྱུར། རླངས་འཁོར་ཆེ་བ་བརྒྱ་ལྷག་གིས་གྲུབ་པའི་རོགས་སྐྱོབ་རླངས་འཁོར་རུ་ཁག་གིས་ཚེས་གཉིས་ཉིན་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མཐའ་མཚམས་ནས་འགག་སྒོ་བརྒལ་བའི་འགྲོ་ལུགས་བསྒྲུབས་རྗེས་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་སོང་བ་དང་། དེ་ནས་རུ་ཁག་དེ་རླངས་འཁོར་ལྔ་བཅུ་ལྷག་གི་རུ་ཁག་གཉིས་སུ་བགོས་ཏེ། སོ་སོར་ཏོན་ཉེ་ཚིས་ཁི་མངའ་སྡེ་དང་ལུའུ་ཀན་སི་ཁི་མངའ་སྡེར་སོང་། རོགས་སྐྱོབ་དངོས་རྫས་གཙོ་བོ་ནི་ཟས་རིགས་དང་སྨན་རྫས། འབར་རྫས། འཛུགས་སྐྲུན་རྒྱུ་ཆ་སོགས་ཡིན་ལ། བསྡོམས་ནས་ཏུན་སྟོང་གཅིག་ལྷག་ཡོད་ཟེར།

བསྒྲགས་པའི་གནས་ཚུལ་གསར་བ་ལྟར་ན། ལུའུ་ཀན་སི་ཁི་མངའ་སྡེ་དང་ཏུན་ཉེ་ཚིས་ཁི་མངའ་སྡེར་དངོས་རྫས་སྐྱེལ་བའི་རླངས་འཁོར་དག་གིས་དངོས་རྫས་རླངས་འཁོར་ལས་ཕོག་རྗེས་སྔ་གཞུག་ཏུ་ཕྱིར་འགྲོ་བཞིན་ཡོད་ཟེར།

ད་ལོའི་ཟླ་བརྒྱད་པའི་ཚུན་ལ། ཨུ་རུ་སི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་ཤར་ལྷོའི་ཕྱོགས་ལ་བསྡོམས་པས་རོགས་སྐྱོབ་དངོས་རྫས་ཏུན་སྟོང་བརྒྱད་ལྷག་བསྐྱལ། ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཨུ་རུ་སིའི་བྱ་སྤྱོད་དེར་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། ཨུ་རུ་སི་ཡིས་གོ་སྐབས་བཙལ་ཏེ་ཝུའུ་ཁི་ལན་ལ་བཙན་འཛུལ་བྱེད་སྲིད་པར་སེམས་ཁུར་བྱེད་བཞིན་ཡོད་མོད། ཡིན་ནའང་ཨུ་རུ་སི་ཕྱོགས་ཀྱིས་བཤད་ཚུལ་དེ་གཏན་ནས་ཁས་ལེན་གྱིན་མེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག