མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ལང་ཉིང་རྡུལ་གནད་དོན་གྱི་སྐོར་ཐེངས་གསར་བའི་གྲོས་མོལ་ཚེས་བཅུ་གཅིག་ཉིན་མཱ་སི་ཁ་ཐི་ནས་བསྡུ་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-03 11:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་གིས་ཚེས་གཉིས་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ལང་དང་དབྱི་ལང་ཉིང་རྡུལ་གནད་དོན་གྱི་རྒྱལ་ཁབ་དྲུག་སྟེ་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སི། ཀྲུང་གོ། འཇར་མན་བཅས་ཀྱིས་ཚེས་བཅུ་གཅིག་ཉིན་ཨ་མན་གྱི་རྒྱལ་ས་མཱ་སི་ཁ་ཐི་ནས་སྐོར་ཐེངས་གསར་བའི་གྲོས་མོལ་བྱེད་རྒྱུ་རེད་ཟེར།

གསར་འགྱུར་ལས་དབྱི་ལང་གི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ཨ་ལཱ་ཀི་ཞི་ཡིས་སྐད་ཆ་དྲངས་པ་ལྟར་ན། སྐབས་དེར་དབྱི་ལང་གི་ཉིང་རྡུལ་ཡུག་རྫས་ཉིང་བསྡུས་བྱ་འགུལ་དང་དབྱི་ལང་གི་བཀག་སྡོམ་གནད་དོན་ལ་གྲོས་སྡུར་བྱེད་རྒྱུ་ཡིན་ལ། དབྱི་ལང་དང་ཨ་མེ་རི་ཁ། ཡོ་རོབ་གླིང་མནའ་འབྲེལ་བཅས་ཀྱིས་དེའི་སྔོན་ལ་ཕྱོགས་གསུམ་གྱི་གྲོས་མོལ་བྱེད་རྒྱུ་རེད་ཟེར།

དབྱི་ལང་དང་རྒྱལ་ཁབ་དྲུག་ན་ནིང་གི་ཟླ་བཅུ་གཅིག་པར་གྲོས་འཆམ་བྱུང་བའི་དུས་རིམ་རང་བཞིན་གྱི་གྲོས་ཆོད་ལྟར་ན། དབྱི་ལང་གིས་ད་ལོའི་ཟླ་བདུན་པའི་ཚེས་ཉི་ཤུ་ཉིན་གྱི་སྔོན་ལ་རྒྱལ་ཁབ་རང་གི་ཉིང་རྡུལ་འཆར་གཞིའི་ཐད་ནས་ཕྱིར་བསྣུར་བྱས་ཏེ། ནུབ་ཕྱོགས་རྒྱལ་ཁབ་ཀྱི་བཀག་སྡོམ་ཇེ་ལྷོད་ལ་གཏོང་དུ་འཇུག་དགོས་པ་དང་མཉམ་དུ། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་ཏེ་ཕྱོགས་ཡོངས་ཀྱི་གྲོས་ཆོད་འགོད་པར་འབད་བརྩོན་བྱེད་དགོས། ཟླ་བདུན་པའི་ཚེས་ཉི་ཤུ་ཉིན་གྱི་སྔོན་ཕྱོགས་ཡོངས་ཀྱི་གྲོས་ཆོད་ཅིག་འགོད་མ་ཐུབ་པས། ཕྱོགས་གཉིས་ཀྱིས་གྲོས་མོལ་དེར་ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན་བར་ཡུན་བསྲིངས་ཏེ། དེའི་སྔོན་ལ་ཕྱོགས་ཡོངས་ཀྱི་གྲོས་ཆོད་ཅིག་འགོད་པར་འབད་བརྩོན་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག