མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐལ་སྤྱོད་མི་སྣའི་གྲངས་ཀ་སྔོན་དཔག་གི་ཚད་ལས་བརྒལ་བས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དོགས་ཟོན་ནན་མོ་བྱེད་དགོས་ཞེས་གསལ་འདེབས་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-02 10:18

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ལྟར་ན། འཛམ་གླིང་གི་རྒྱལ་ཁབ་དང་ཡང་ན་ས་ཁུལ་བརྒྱད་ཅུ་ལྷག་གི་ཐལ་སྤྱོད་མི་སྣ་གཞི་ཁྱོན་ཆེན་པོས་དབྱི་རག་དང་སི་རི་ཡར་སོང་ནས། དབྱི་སི་ལན་རྒྱལ་ཁབ་ཅེས་པ་སོགས་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་དང་མཉམ་འབྲེལ་བྱས་ཏེ་འཐབ་འཁྲུག་རྒྱག་བཞིན་ཡོད་ཟེར།

དབྱིན་ཇིའི་ཚགས་པར་ཞིག་གི་སྟེང་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ཞིག་རགས་བསྡུས་སྒོས་བཀོད་ཡོད་ལ། སྙན་ཞུའི་ནང་དུ་ཕྱི་རྒྱལ་གྱི་དྲག་ཆས་མི་སྣ་ཁྲི་གཅིག་དང་སྟོང་ལྔ་ཙམ་དབྱི་སི་ལན་རྒྱལ་ཁབ་ཅེས་པ་སོགས་ཐལ་སྤྱོད་རྩ་འཛུགས་སུ་ཞུགས་ཏེ་འཐབ་འཁྲུག་རྒྱག་བཞིན་ཡོད་ལ། དྲག་ཆས་མི་སྣ་དེ་དག་ནི་རྒྱལ་ཁབ་དང་ས་ཁུལ་མང་བོ་ནས་སོང་བ་རེད་ཅེས་བཤད་ཡོད།

སྙན་ཞུའི་ནང་དུ། ཉིས་སྟོང་བཅུ་ལོའི་ཚུན་ལ། དབྱི་རག་དང་སི་རི་ཡར་སོང་ནས་ཐལ་སྤྱོད་དྲག་ཆས་འཐབ་འཁྲུག་དུ་ཞུགས་པའི་ཕྱི་རྒྱལ་གྱི་དྲག་ཆས་མི་སྣའི་གྲངས་ཀ་དེ་འདས་པའི་ལོ་ཉི་ཤུའི་སྤྱི་གྲངས་ལས་ལྡབ་མང་བོས་མང་། དཔེར་ན་ཧྥ་རན་སི་དང་ཨུ་རུ་སི། དབྱིན་ཇི་བཅས་ནས་སོང་བའི་ཕྱི་རྒྱལ་གྱི་འཇིགས་སྐུལ་མི་སྣས་ཕན་ཚུན་འབྲེལ་འདྲིས་དང་མཐུན་སྦྱོར་བྱས་ཏེ་འགུལ་སྐྱོད་བྱེད་བཞིན་པ་ལྟ་བུ་རེད་ཅེས་བཤད་ཡོད།

སྙན་ཞུའི་ནང་དུ། རྟེན་གཞི་རྩ་འཛུགས་དང་བསྡུར་ན་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་དྲག་ཆས་རྩ་འཛུགས་དེ་སྤྱི་ཚོགས་སྨྱན་བྱད་སོགས་གསར་དར་དྲ་བ་བཀོལ་བར་ཧ་ཅང་མཁས་པ་དང་། མི་སྣ་བསྡུ་སྟངས་དང་ཐབས་ལམ་གྱི་སྣ་མང་ཅན་དང་དེང་རབས་ཅན་ནི་དེ་མྱུར་དུ་དར་བའི་རྒྱུ་རྐྱེན་གཙོ་བོ་རེད་ཅེས་བཤད་ཡོད།

དབྱིན་ཇིའི་ཉེན་རྟོག་ཕྱོགས་ཀྱི་མཐོ་རིམ་དཔོན་རིགས་པོ་ན་ཏི་ཧོ་ཀིན་གྱིས་གཟའ་འཁོར་སྔོན་མར་བཤད་རྒྱུར། གཟའ་འཁོར་རེ་རེར་ཕལ་ཆེར་ཐལ་སྤྱོད་མི་སྣ་ལྔ་རེ་དབྱིན་ཇི་དང་བྲལ་ནས། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་རྩ་འཛུགས་སུ་ཞུགས་བཞིན་ཡོད་ཟེར། ཁོས་ཚོད་དཔག་བྱས་པ་ལྟར་ན། ད་ལྟ་དབྱི་རག་དང་སི་རི་ཡ་ལ་འཐབ་འཁྲུག་ལ་ཞུགས་བཞིན་པའི་དབྱིན་ཇིའི་ཁོངས་སུ་གཏོགས་པའི་ཐལ་སྤྱོད་མི་སྣ་ལྔ་བརྒྱ་ཡས་མས་ལ་འབུད་ཟེར།

ཨ་མེ་རི་ཁའི་ཀྲུང་དབྱང་གསང་འཕྲིན་ཁང་གིས་ཟླ་སྔོན་མར་བསྒྲགས་པའི་གྲགས་ཀ་ལྟར་ན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་ཁྲི་གཉིས་ནས་ཁྲི་གསུམ་དང་སྟོང་གཅིག་དང་ལྔ་བརྒྱ་ཙམ་དབྱི་རག་དང་སི་རི་ཡའི་མངའ་ཁོངས་ན་ཡོད་པ་དང་། མི་གྲངས་དེ་སྔོག་དཔག་གི་གྲངས་ཀ་ལས་ཆེས་ཆེར་བརྒལ་ཡོད་ཟེར། ད་དུང་ཨ་མེ་རི་ཁའི་བདེ་འཇགས་དཔོན་རིགས་ཤིག་གིས་ཚོད་དཔག་བྱས་པ་ལྟར་ན། དེའི་ནང་དུ་ཕྱི་རྒྱལ་གྱི་དྲག་ཆས་མི་སྣའི་གྲངས་ཀ་ཁྲི་གཅིག་དང་སྟོང་ལྔ་ཡས་མས་ཡོད་ལ། ནུབ་ཕྱོགས་པ་སྟོང་གཉིས་ཀྱང་དེའི་ནང་དུ་འདུ་ཟེར།

དེར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དེའི་ནང་དུ། དབྱི་རག་དང་སི་རི་ཡ་རུ་འཐབ་འཁྲུག་རྒྱག་པའི་ཐལ་སྤྱོད་མི་སྣ་ཇེ་མང་དུ་སོང་བར་བསྟུན་ནས། རྒྱལ་ཁབ་སྔར་ལས་མང་བོ་མི་དེ་དག་ཕྱིར་རྒྱལ་ནང་དུ་ལོག་ནས་འཇབ་རྒོལ་སྤེལ་བར་ཇི་ལྟར་ཁ་གཏད་འཇལ་བའི་དཀའ་གནད་དང་འཕྲད་ཡོད་ཅེས་ཉེན་བརྡ་བཏང་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག