མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོའི་སྐུ་ཚབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་སྲུང་བྱེད་སྒོའི་ནུས་པ་མཐོར་འདེགས་སུ་གཏོང་དགོས་པར་འབོད་སྐུལ་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-01 12:32

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10པའི་ཚེས30ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་བཞུགས་ཀྲུང་གོའི་སྐུ་ཚབ་གཞོན་པ་ཝང་རྨིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་འབྲེལ་ཡོད་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་སྲུང་བྱེད་སྒོ་ལ་གྲོས་བསྡུར་བྱེད་སྐབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་སྲུང་སྐྱོབ་བྱེད་སྒོའི་ཕན་ནུས་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས་པ་མ་ཟད། ཞི་སྲུང་བྱེད་སྒོའི་ནུས་པ་འཛུགས་སྐྲུན་བྱེད་པ་ཇེ་དྲག་ཏུ་གཏོང་བའི་ཐད་ལའང་དོ་སྣང་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

ཝང་རྨིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་སྲུང་བྱེད་སྒོར་ཀྲུང་གོའི་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་དང་ནང་ཞུགས་བྱེད་ངེས་ཡིན་ལ། མིག་སྔར་ཀྲུང་གོའི་ཞི་སྲུང་མི་སྣ་ཉིས་སྟོང་ཉིས་བརྒྱ་ལྷག་གིས་ཁོང་ཀོ་དང་མ་ལི། སུའུ་ཏན་ལྷོ་མ་སོགས་ཞི་སྲུང་བྱེད་སྒོ་དགུའི་ནང་དུ་འགན་འཁྲི་བསྒྲུབ་བཞིན་ཡོད་ཞེས་བཤད་པ་དང་། ཁོང་གིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཞི་སྲུང་ནུས་པ་འཛུགས་བསྐྲུན་བྱེད་པར་ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་དུ་རྒྱབ་སྐྱོར་བྱེད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འབད་པ་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་སྲུང་བྱེད་སྒོའི་གོང་འཕེལ་ལ་སྐུལ་འདེད་དང་། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་ལའང་ལེགས་སྐྱེས་འབུལ་འདོད་ཡོད་ཞེས་གསུངས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག