མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་དང་ཨུ་རུ་སུ། མོང་གོལ་བཅས་རྒྱལ་ཁབ་གསུམ་པོའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པའི་གྲོས་མོལ་ཐོག་མ་ཚོགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-01 12:32

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10པའི་ཚེས30ཉིན་ཀྲུང་གོ་དང་ཨུ་རུ་སུ། མོང་གོལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གཞོན་པའི་གྲོས་མོལ་ཐོག་མ་དེ་མོང་གོལ་གྱི་རྒྱལ་ས་ཨུ་ལན་དཔའ་ཐུལ་དུ་ཚོགས་པ་དང་། ཐེངས་འདིའི་གྲོས་མོལ་ལས་རྒྱལ་ཁབ་གསུམ་པོའི་འགོ་གཙོའི་གྲོས་མོལ་ནང་གྲུབ་ཟིན་པའི་ཐུན་མོང་ངོས་འཛིན་དག་ཞིབ་ཕྲའི་ངང་ནས་ལག་བསྟར་བྱས་ཏེ་རྒྱལ་ཁབ་གསུམ་པོའི་མཉམ་ལས་བརྒྱུད་རིམ་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་རེད།

ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཁྲེན་ཀའོ་ཕིན་གྱིས་ཚོགས་ཐོག་ཏུ། ཀྲུང་གོའི་ཕྱོགས་ཀྱིས་མོང་གོལ་དང་ཨུ་རུ་སུ་རྒྱལ་ཁབ་དང་མཉམ་དུ་འབད་པ་བྱས་ཏེ། རྒྱལ་ཁབ་གསུམ་པོའི་འགོ་གཙོའི་བར་གྲུབ་ཟིན་པའི་ཐུན་མོང་ངོས་འཛིན་དག་ཧུར་ཐག་སྒོས་ལག་བསྟར་བྱ་རྒྱུ་དང་། རྒྱལ་ཁབ་གསུམ་པོའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་ལམ་ལུགས་ཀྱི་སྒྲོམ་གཞིའི་ནང་། འདྲ་མཉམ་གཉིས་ཕན་དང་མཉམ་ལས་མཉམ་རྒྱལ་གྱི་རྩ་དོན་ལྟར་ཕྱོགས་གསུམ་མཉམ་ལས་ཀྱི་ཞིབ་ཕྲའི་ནང་དོན་ལ་དཔྱད་བསྡུར་བྱེད་པ། ལྷག་པར་དུ་ཕྱོགས་གསུམ་པོའི་ཐོན་ཁུངས་དང་མ་དངུལ། ལག་རྩལ་དང་ཁྲོམ་ར། ཤེས་ལྡན་མི་སྣའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱལ་ཁབ་གསུམ་པོའི་གོང་འཕེལ་དང་དར་རྒྱས་ལ་སྔར་ལས་ལྷག་པའི་ངང་ནས་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག