མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་མནའ་འབྲེལ་གྱི་ལག་ཁྱེར་སྙན་ཞུའི་བྱེད་ཐབས་གསར་བས་ཀྲུང་གོའི་ཡུལ་སྐོར་བར་སྟབས་བདེ་བསྐྲུན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-29 11:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་འདིའི་སྤྱི་ཚེས27ཉིན་ནས་བཟུང་། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོར་འཐུས་ཆན་བཀོད་པའི་ལག་ཁྱེར་སྙན་ཞུ་སྔར་ལས་སྟབས་བདེ་རུ་གྱུར་བ་དང་། དམིགས་སུ་བགར་བའི་ཀྲུང་གོའི་ཡུལ་སྐོར་བས་སྙན་ཞུ་ཕུལ་སྐབས་མགྲོན་ཁང་གི་མངགས་ཐོ་དང་གནམ་གྲུའི་པ་སེ་སོགས་ཀྱི་བདེན་དཔང་ཡིག་ཆ་མི་དགོས་ཞེས་ཁྱབ་བསྒྲགས་བྱས་པ་དང་། བྱེད་ཐབས་འདི་སྙན་ཞུ་ཕུལ་བའི་ཧྲིན་ཀིན་རྒྱལ་ཁབ་དེ་རུ་ཚོང་དོན་འཚམས་འདྲི་དང་དུས་ཡུན་ཐུང་ངུའི་ཆེད་ལས་གསོ་སྦྱོང་། རིག་གནས་དང་ལུས་རྩལ་བྱེད་སྒོར་ཞུགས་པ། གྲོགས་དང་གཉེན་ཉེར་སྐོར་བ་བྱེད་པའི་སྙན་ཞུ་པར་འཚམ་ཞིང་། གནས་སྐབས་སུ་ཡུལ་སྐོར་ལ་འགྲོ་མཁན་དག་ལ་མི་འཕྲོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་ནི་ཡོ་རོབ་མནའ་འབྲེལ་གྱི་རིགས་འདིའི་སྟབས་བདེ་ལོངས་སུ་སྤྱད་པའི་རྒྱལ་ཁབ་ཐོག་མ་དེ་ཆགས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག