མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོའི་སྐུ་ཚབ་ཀྱིས་ཨ་རིས་མྱུར་དུ་ཁུ་པ་ལ་བཀག་སྡོམ་བྱེད་པ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། ཀྲུང་གོ་བོད་སྐད་རླུང་འཕྲིན།  2014-10-29 11:22

མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱུན་བཞུགས་ཀྱི་ཀྲུང་གོའི་སྐུ་ཚབ་གཞོན་པ་ཝང་རྨིན།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས28ཉིན་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱུན་བཞུགས་ཀྱི་ཀྲུང་གོའི་སྐུ་ཚབ་གཞོན་པ་ཝང་རྨིན་གྱིས་ཉོའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས། ཀྲུང་གོས་ཨ་རིའི་ཕྱོགས་ཀྱིས་མྱུར་དུ་ཁུ་པ་ལ་བཀག་སྡོམ་བྱེད་མཚམས་འཇོག་པའི་རེ་བ་བྱེད་ཀྱི་ཡོད་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་ཇེ་ལེགས་སུ་བཏང་སྟེ། ལ་ཏིན་མེ་གླིང་དང་ཅ་ལིག་པེ་ས་ཁུལ་གྱི་བརྟན་ལྷིང་དང་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས69ཡིས་ཉིན་དེར་གདན་ཐོབ་མང་ཤོས་ལས་ཨ་རིས་ཁུ་པའི་དཔལ་འབྱོར་དང་ཚོང་ལས། དངུལ་ལོར་བཅས་ལ་བཀག་སྡོམ་བྱེད་པ་ངེས་པར་དུ་མཚམས་འཇོག་དགོས་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་ཞིང་། ཨ་རིའི་ཕྱོགས་ཀྱིས་མྱུར་དུ་ཁུ་པར་དུས་རབས་ཕྱེད་ཀ་རིང་གི་བཀག་སྡོམ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ་རེད། གྲོས་ཆོད་དེར་རྒྱལ་ཁབ188ཀྱིས་ཁས་ལེན་དང་ཨ་རི་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱི་ངོ་རྒོལ་བྱས། གྲོས་ཆོད་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱིས་བསྟུད་མར་ལོ་ཉེར་གསུམ་རིང་ལ་གྲོས་འཆམ་བྱུང་བའི་འབྲེལ་ཡོད་ཀྱི་གྲོས་ཆོད་ཡིན།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག