མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཀྱིས་ལི་པུ་ཡའི་ཕྱོགས་ཁག་གཉིས་ཀྱིས་དམག་འཁྲུག་མཚམས་འཇོག་གི་ཐུན་མོང་ངོས་འཛིན་ལ་བརྩི་སྲུང་མ་བྱས་པར་སྐྱོན་བརྗོད་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-29 11:22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས28ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྟེ་ལི་པི་ཡའི་གནད་དོན་གྱི་དམིགས་བསལ་སྐུ་ཚབ་པེར་ན་ཏི་ནུའུ་ལའེ་ཨང་གིས་ལི་པུ་ཡའི་རྒྱལ་ས་ཐི་རི་ཕོ་ལི་ནས་གསར་འགོད་པའི་ཚོགས་འདུ་ཚོགས་ཏེ། ལི་པུ་ཡའི་ཕྱོགས་ཁག་གཉིས་ཀྱིས་ཟླ་སྔོན་མའི་ནས་གྲུབ་ཟིན་པའི་དམག་འཁྲུག་མཚམས་འཇོག་གི་ཐུན་མོང་ངོས་འཛིན་ལ་བརྩི་སྲུང་མ་བྱས་པ་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།

ལའེ་ཨང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་ལི་པུ་ཡའི་དམག་འཁྲུག་མཚམས་འཇོག་པའི་ཐད་ལ་འབད་པ་བྱ་རྒྱུ་དང་། ཆབ་སྲིད་གླེང་མོལ་ནི་ཉམས་ཉེན་འདི་སེལ་པའི་ཐབས་ལམ་ཉག་གཅིག་རེད་ཞེས་བཤད་པ་དང་། ཕྱི་ཕྱོགས་སུ་ལི་པུ་ཡ་ཕྱོགས་ཡོངས་ནས་ནང་འཁྲུག་ནང་འགྲོ་རྒྱུ་རེད་ཞེས་པའི་བཤད་ཕྱོགས་ལ། ལའེ་ཨང་གིས་ལི་པུ་ཡ་ཕྱོགས་ལ་དུས་ཚོད་མང་པོ་ཞིག་མེད་པ་དང་། ལི་པུ་ཡའི་ཕྱོགས་ཀྱི་མི་སྣ་དག་གིས་བསམ་བློ་ཡག་ཤོས་གཏོང་དགོས་ཞེས་ཉེན་བརྡ་བཏང་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག