མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་གིས་སྔ་མོ་ནས་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་ནང་ཞུགས་པར་རེ་བས་ཁེངས་ཡོད་ཅེས་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-28 10:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཨ་ཐན་པཱ་ཡེ་ཧྥུའུ་ཡིས་ཚེས་ཉེར་བདུན་ཉིན་ཅིར་ཅི་སི་སི་ཐན་གྱི་གྲོས་ཁང་གི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་ཚོགས་སྟེང་བསྟན་དོན། ཅིར་ཅི་སི་སི་ཐན་སྔ་མོ་ནས་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་ནང་ཞུགས་པར་རེ་བས་ཁེངས་ཡོད་ཟེར།

ཨ་ཐན་པཱ་ཡེ་ཧྥུའུ་ཡིས་བཤད་རྒྱུར། ཅིར་ཅི་སི་སི་ཐན་མནའ་འབྲེལ་དེའི་ནང་ཞུགས་རྗེས། ཅིར་ཅི་སི་སི་ཐན་ལ་སྔར་ལས་མང་བའི་ཉོ་ཚོང་གཟིགས་སྐྱོང་དང་རོགས་སྐྱོར། དངུལ་ཝུན་བཅས་བརྩོན་ལེན་བྱེད་ཐུབ་ཟེར། ཁོས་བཤད་རྒྱུར། མནའ་འབྲེལ་ནང་ཞུགས་ན་རྒྱལ་ནང་གི་རིན་གོང་ཇེ་མཐོར་འགྲོ་བའི་སྣང་ཚུལ་འབྱུང་སྲིད་ཀྱང་། གལ་ཏེ་མནའ་འབྲེལ་ནང་མ་ཞུགས་ན་ཉེན་ཁ་དེ་ལྡབ་འགྱུར་གྱིས་ཇེ་ཆེར་འགྲོ་སྲིད་ཟེར། མིག་སྔར་ཅིར་ཅི་སི་སི་ཐན་གྱི་མཐོ་རིམ་ཕྱོགས་ཀྱི་ལས་འགན་ཆེས་གལ་ཆེ་བ་ནི་ཉིན་རིམ་རེའུ་མིག་ལྟར་དུ་མནའ་འབྲེལ་ནང་ཞུགས་པའི་ཡིག་ཆ་སྣ་ཚོགས་མྱུར་དུ་སྤྲོད་རྒྱུ་དེ་ཡིན་ཟེར།

ད་ལོའི་ཚུན་ལ། ཅིར་ཅི་སི་སི་ཐན་དང་ཨུ་རུ་སི་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་དེ་ཇེ་དམའ་རུ་སོང་ཡོད། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་མ་འོངས་པར་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་ནང་ཞུགས་རྗེས་ཅིར་ཅི་སི་སི་ཐན་དང་ཨུ་རུ་སི་ཕྱོགས་གཉིས་ཀྱི་ཉོ་ཚོང་སླར་གསོ་འབྱུང་བའི་ཞོར་དུ། ཅིར་ཅི་སི་སི་ཐན་གྱི་ངལ་རྩོལ་པ་དང་གནས་སྤོར་སྡོད་དམངས་ཀྱི་ཨུ་རུ་སིའི་ཁྲིམས་མཐུན་ཐོབ་ཐང་སོགས་གནད་དོན་ཐག་གཅོད་ཐུབ་པར་རེ་བ་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག