མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་ཡིས་ཀེ་ནེ་ཡཱའི་མི་སྣའི་གསོ་སྦྱོང་ལ་རོགས་རམ་བྱས་ཏེ་ཨེ་པའོ་ལཱ་རིམས་ནད་འགོག་བཅོས་བྱེད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-28 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ནཱ་ཏཱ་ཨར་གྱིས་་ཚེས་ཉེར་བདུན་ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་དོན། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀེ་ནེ་ཡཱ་ཡིས་ཨེ་པའོ་ལཱ་རིམས་ནད་ལ་འགོག་བཅོས་བྱེད་པར་རོགས་རམ་བྱེད་ཆེད། ཧྥ་སན་སིའི་གསོ་སྦྱོང་མི་སྣ་སུམ་ཅུ་ལྷག་ཚེས་ཉེར་དྲུག་ཉིན་ཀེ་ནེ་ཡཱ་རུ་འབྱོར་ཏེ། ཀེ་ནེ་ཡཱའི་དམངས་དོན་རྒུད་སྐྱོབ་སྡེ་ཁག་གི་མི་སྣ་ཉིས་བརྒྱ་ལྷག་ལ་གསོ་སྦྱོང་བྱེད་རྩིས་ཡོད་ཟེར།

ནཱ་ཏཱ་ཨར་གྱིས་བཤད་རྒྱུར། གསོ་སྦྱོང་དེ་ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་སྣེ་ཁྲིད་དེ་སྤེལ་རྩིས་ཡོད་པ་དང་། གསོ་སྦྱོང་བྱ་འགུལ་དེའི་ཡུན་ཚད་གཟའ་འཁོར་དགུ་ཡིན་ལ། བསྡོམས་པས་ཁག་གཉིས་སུ་བགོ་རྒྱུ་ཡིན་པ་དང་། ཐེངས་དང་པོ་ནི་དམངས་དོན་རྒུད་སྐྱོབ་ཡིན་ཞིང་། དེར་མཚོ་ཐོག་གི་མྱུར་སྐྱོབ་དང་ནགས་ཚལ་གྱི་མེ་སྐྱོན་ཐག་གཅོད། མྱུར་སྐྱོབ་ཤེས་བྱ་སོགས་འདུས། ཁག་གཉིས་པའི་གསོ་སྦྱོང་དེ་ཨེ་པའོ་ལཱ་རིམས་ནད་ལ་དམིགས་པ་ཡིན་པ་དང་། ཨེ་པའོ་ལཱ་རིམས་ནད་བྱུང་བའི་ནད་པར་འབྲེལ་འདྲིས་བྱས་མྱོང་བའི་མི་སྣ་ཁ་ཁར་བྱེད་པ་སོགས་འདུས་ཟེར།

ནཱ་ཏཱ་ཨར་གྱིས་བཤད་རྒྱུར། ཟླ་བཅུ་བའི་ཚེས་ཉེར་གཉིས་ཉིན། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་རྒྱལ་སྲུང་གྲོས་ཚོགས་སྟེང་ཀེ་ནེ་ཡཱ་ཡིས་ཨེ་པའོ་ལཱ་རིམས་ནད་ལ་འགོག་བཅོས་བྱེད་པའི་རྒྱབ་སྐྱོར་ལ་ཤུགས་སྣོན་བྱེད་རྒྱུ་ཁྱབ་སྒྲོག་བྱས། ཧྥ་རན་སི་ཡིས་ཀེ་ནེ་ཡཱའི་སྨན་བཅོས་མི་སྣའི་གསོ་སྦྱོང་ལ་ཤུགས་སྣོན་བྱེད་རྒྱུ་རེད། ཀེ་ནེ་ཡཱའི་ནགས་ཁུལ་ནས་ཨེ་པའོ་ལཱ་རིམས་ནད་གསོ་བཅོས་བྱེད་སའི་ལྟེ་གནས་འཛུགས་པ་ལས་གཞན། ཧྥ་རན་སི་ཡིས་ད་རུང་ཀེ་ནེ་ཡཱ་ནས་ཨེ་པའོ་ལཱ་རིམས་ནད་གསོ་བཅོས་ལྟེ་གནས་གཉིས་འཛུགས་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག