མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་དང་ཨ་མེ་ནི་ཡཱ། ཨ་སེ་པེད་ཅང་བཅས་རྒྱལ་ཁབ་གསུམ་གྱི་ཙུང་ཐུང་གིས་གྲོས་མོལ་བྱས་ཏེ་ནཱ་ཁཱའི་འཁྲུག་རྩོད་གནད་དོན་ལ་གྲོས་བསྡུར་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-28 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་དང་ཨ་མེ་ནི་ཡཱའི་ཙུང་ཐུང་སཱ་ཨར་ཅི་ཞང་། ཨ་སེ་པེད་ཅང་གི་ཙུང་ཐུང་ཨ་ལེ་ཡེ་ཧྥུའུ་བཅས་ཀྱིས་ཚེས་ཉེར་བདུན་ཉིན་ཕཱ་རེ་སི་ཐནས་ཕྱོགས་གསུམ་གྱི་གྲོས་མོལ་སྤེལ་ཏེ། ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་གྱི་འཁྲུག་རྩོད་གནད་དོན་ལ་གྲོས་བསྡུར་བྱས།

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེའི་དགོང་མོར་གྲོས་མོལ་མཇུག་སྒྲིལ་རྗེས་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ་བཤད་རྒྱུར། སཱ་ཨར་ཅི་ཞང་དང་ཨ་ལེ་ཡེ་ཧྥུའུ་ཡིས་མུ་མཐུད་དུ་གྲོས་མོལ་བྱས་ཏེ། ཉིས་སྟོང་བཅོ་ལྔ་ལོའི་ཟླ་དགུ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་སུ་ཉིག་ཡོ་གྲོང་ཁྱེར་ནས་སྐོར་ཐེངས་གསར་བའི་གྲོས་མོལ་ཞིག་སྤེལ་རྒྱུ་ཡིན་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ད་ལོའི་དབྱར་ཁར་ནཱ་ཁཱ་ས་ཁུལ་གྱི་དྲག་ཆས་འཁྲུག་རྩོད་ཀྱི་དོན་རྐྱེན་ཇེ་མང་དུ་སོང་བ་དང་། མི་སྣ་མང་བོར་ཤི་རྨས་བཟོས་ཡོད་ལ་དེའི་ནང་མི་སེར་དཀྱུས་མ་འདུས་ཡོད་ཟེར། ཕཱ་རེ་སིའི་མགོ་གཙོའི་གྲོས་ཚོགས་ཀྱིས་ཨ་མེ་ནི་ཡཱ་དང་ཨ་སེ་པེད་ཅང་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཐད་ཀར་གྲོས་མོལ་སླར་གསོ་བྱེད་དུ་བཅུག

ཨོ་ལིང་ཏི་ཡིས་ནཱ་ཁཱ་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་འབད་བརྩོན་བྱས་ཏེ། གྲོས་མོལ་ལ་བརྟེན་ནས་ནཱ་ཁཱ་ས་ཁུལ་གྱི་འཁྲུག་རྩོད་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། ད་ལྟའི་གནས་ཚུལ་སྲུང་འཛིན་བྱེད་པ་ནི་ལུགས་དང་མི་མཐུན་ལ། སཱ་ཨར་ཅི་ཞང་དང་ཨ་ལེ་ཡེ་ཧྥུའུ་གཉིས་ཀྱིས་དགོས་ངེས་ཀྱི་ཆབ་སྲིད་འདོད་བློ་བཏོན་ཞིང་འགལ་བ་ཁྱད་དུ་བསལ་ནས་ཞི་བདེ་མངོན་འགྱུར་བྱེད་དགོས་ཟེར། ཨོ་ལིང་ཏི་ཡིས་ད་རུང་ཞི་བའི་གྲོས་ཆོད་གསར་བ་ཞིག་འགོད་དགོས་པའི་གྲོས་གཞི་བཏོན།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག