མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་ཉེན་རྟོག་ཕྱོགས་ཀྱིས་དྲག་ཆས་ཉེས་ཅན་དགུ་བསད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-27 11:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་ཉིན་དེའི་ཕྱི་དྲོར་ལྷོ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་ཁཱ་ལཱ་ཆི་ནས་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་བྱས་ཏེ། དྲག་ཆས་ཉེས་ཅན་དགུ་བསད་ཟེར།

ས་དེའི་ཉེན་རྟོག་དཔོན་པོས་བསྟན་དོན། ཉེན་རྟོག་ཕྱོགས་ཀྱིས་གསང་འཕྲིན་ལྟར་དྲག་ཆས་ཉེས་ཅན་ཁཱ་ལཱ་ཆི་རུ་སྦས་སྐོང་བྱས་ཡོད་པ་རྒྱུས་ལོན་བྱུང་ནས་ཚེས་ཉེར་དྲུག་ཉིན་སྔོག་བཤེར་བྱས། ཉེན་རྟོག་ཕྱོགས་ཀྱིས་སྔོག་བཤེར་བྱེད་སྐབས་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་བྱུང་སྟེ། མཇུག་མཐར་དྲག་ཆས་ཉེས་ཅན་དགུ་བསད་ཟེར།

ཉེན་རྟོག་ཕྱོགས་ཀྱིས་ད་རུང་སྦས་སྐོང་བྱེད་ས་ནས་ལྗིད་པའི་མཚོན་ཆ་དང་མདའ་མདེལ་སོགས་རྙེད་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག