མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཙུའུ་མཱ་ཡིས་གློ་བུར་དུ་དབྱིན་ཇིའི་དངོས་གཞིའི་འཚམས་འདྲི་མེད་པར་བཟོས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-27 11:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉེར་དྲུག་ཉིན་བསྒྲགས་པ་ལྟར་ན། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཙུའུ་མཱ་ཡིས་ཉིན་དེར་གློ་བུར་དུ་ཚེས་ཉེར་བདུན་ཉིན་གྱི་དབྱིན་ཇིའི་དངོས་གཞིའི་འཚམས་འདྲི་མེད་པར་བཟོས་པ་དང་། རྒྱུ་མཚན་ནི་ཁཱ་མེ་ལུང་གིས་འོས་མིན་གྱི་ལྟ་སྟངས་བཟུང་ཡོད་པས་ཡིན་ཟེར།

བསྒྲགས་པ་ལྟར་ན། ཙུའུ་མཱ་ཚེས་ཉེར་བདུན་ཉིན་དབྱིན་ཇིའི་ལོན་ཏོན་ནས་སྤེལ་རྒྱུ་ཡིན་པའི་དངུལ་གཏོང་གྲོས་ཚོགས་ཤིག་ལ་ཞུགས་པར་ཐག་གིས་བཅད་ཡོད་པ་དང་། ཚེས་ཉེར་དྲུག་ཉིན་གྱི་དགོང་མོའི་བར་གྲོས་ཚོགས་དེའི་དཔོན་ཕྱོགས་དྲ་ཚིགས་ནས་ཙུའུ་མཱ་སྐུ་མགྲོན་གཙོ་བོའི་གྲས་སུ་བཞག་ཡོད། ཡིན་ཡང་ཉིན་དེར་ཁོས་གློ་བུར་དུ་གྲོས་ཚོགས་དེར་ཞུགས་པའི་བྱ་འགུལ་མེད་པར་བཏང་། བསྒྲགས་པ་ལྟར་ན། ཙུའུ་མཱ་ཡིས་འཆར་གཞི་བསྒྱུར་བའི་རྒྱུ་མཚན་ནི་དབྱིན་ཇི་ཡིས་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་གིས་དངོས་སུ་ཁོ་ལ་ཐུག་འཕྲད་བྱེད་པར་ཁས་ལེན་མ་བྱས་པར་དབུ་བཞུགས་བློན་ཆེན་གཞོན་པ་ཁི་ལེ་ཀི་དང་གྲོས་མོལ་བྱེད་པའི་གྲོས་གཞི་བཏོན་པས། ཙུའུ་མཱ་ཁོང་ཁྲོ་ལངས་པ་རེད་ཟེར།

ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་གཞུང་སྒྲུབ་ཁང་གིས་ཚེས་ཉེར་དྲུག་ཉིན་བསྒྲགས་པའི་རྒྱུ་རྐྱེན་དེ་ཁས་ལེན་མ་བྱས་པ་དང་། པུའུ་ཀྲང་བཞིས་ཨ་ཧྥེ་རི་ཁ་ལྷོ་མའི་ཚབ་བྱས་ཏེ་བྱ་འགུལ་ལ་ཞུགས་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག