མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-27 11:10

乌克兰议会选举开始 选民现场投票1.jpg

  ཉིས་སྟོང་བཅུ་བཞི་ལོའི་ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན། ཝུའུ་ཁི་ལན་གྱི་ཅི་ཧྥུའུ་ནས་ཝུའུ་ཁི་ལན་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་མགོ་བརྩམས་པ་དང་འདེམ་དམངས་ཀྱིས་ཡུལ་དངོས་སུ་འདེམ་ཤོག་འཕེན་བཞིན་པ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྒྲགས་པའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་གྲོས་ཁང་གི་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོའི་དུས་ཚོད་བརྒྱད་སྟེང་མགོ་བརྩམས།

  དབྱེ་ཞིབ་མི་སྣས་བལྟས་ན། ཐེངས་འདིའི་འདེམ་བསྐོའི་རྗེས་སུ། ཝུའུ་ཁི་ལན་གྲོས་ཁང་གི་སྟོབས་ཤུགས་ཁྱབ་ཚད་ལ་གནམ་ས་བླ་འོག་བརྗེ་པ་ལྟ་བུའི་འགྱུར་ལྡོག་འབྱུང་སྲིད་པ་དང་། སྔོན་དཔག་བྱས་ན་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་གཙོ་བྱས་པའི་ནུབ་ཕྱོགས་ལ་བློ་དཀར་བའི་མནའ་འབྲེལ་ལ་གྲོས་ཁང་གི་གྲོས་མིའི་ལས་གནས་མང་ཤོས་ཐོབ་སྲིད།

  འདེམ་བསྐོའི་སྔོན་གྱི་དམངས་ཀྱི་འདོད་བློ་ལྟར་ན། པའོ་ལོ་ཧྲིན་ཁི་ཡིས་མགོ་ཁྲིད་པའི་ཏང་ཁག་ལ་བརྒྱ་ཆའི་སུམ་ཅུའི་རྒྱབ་སྐྱོར་ཚད་ཐོབ་ཡོད་པ་དང་། ཝུའུ་ཁི་ལན་གྲོས་ཁང་གི་ཏང་ཁག་ཆེས་ཆེན་པོར་འགྱུར་བའི་རེ་བ་ཡོད།

  གཞན་ཡང་ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་སྤྱི་དམངས་ཀྱིས་འཐུས་མི་བཞི་བརྒྱ་དང་ལྔ་བཅུས་གྲུབ་པའི་ཆེས་མཐོའི་གྲོས་ཁང་གསར་བ་འདེམ་བསྐོ་བྱེད་བཞིན་ཡོད་ཟེར།

  རྒྱུས་ལོན་བྱུང་བ་ལྟར་ན། ཝུའུ་ཁི་ལན་ཤར་ལྷོའི་ས་ཁུལ་གྱི་རང་བཙན་ཁྱབ་སྒྲོག་བྱས་པའི་ཏོན་ནེ་ཚི་ཁི་དང་ལུའུ་ཀན་སི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས། འདེམ་བསྐོའི་བྱ་འགུལ་དེ་ཅི་ཧྥུའུ་དབང་འཛིན་ལས་ཁུངས་ཀྱིས་ཚོད་འཛིན་བྱེད་པའི་ས་ཁུལ་ནས་སྤེལ་བ་དང་། ཝུའུ་ཁི་ལན་གྱི་སྤྱི་དམངས་ཀྱིས་ད་རུང་ཨུ་རུ་སི་ནས་ཀྱང་འདེམ་ཤོག་འཕང་ཆོག་པར་བྱེད་ཆེད། མའོ་སི་ཁི་དང་ཧྲིན་པུས་ཏི་པའོ། ཡེ་ཁཱ་ཅེ་ལིན་པའོ། ཞཱ་ནོའུ་ཧྥུའུ་ཀི་ལོ་ཏི། ལོ་སི་ཐའོ་ཧྥུའུ། ཞི་པའོ་ལེ་ཡཱ་གསར་བ་བཅས་ནས་འདེམ་ཤོག་འཕེན་ས་དྲུག་བཀོད་སྒྲིག་བྱས་ཡོད། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཉེ་སྔོན་བསྟན་དོན། མའོ་སི་ཁི་ཡིས་ཝུའུ་ཁི་ལན་གྱི་འདེམ་བསྐོའི་བྱ་འགུལ་ལ་ལྟ་རྟོག་བྱེད་རྒྱུ་མ་ཟད། འདེམ་བསྐོའི་བྱ་འགུལ་ལ་དམངས་གཙོའི་རང་བཞིན་ལྡན་པར་བྱེད་དགོས་པའི་རེ་བ་བཏོན།

乌克兰议会选举开始 选民现场投票2.jpg

  ཉིས་སྟོང་བཅུ་བཞི་ལོའི་ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན། ཝུའུ་ཁི་ལན་གྱི་ཅི་ཧྥུའུ་ནས་ཝུའུ་ཁི་ལན་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་མགོ་བརྩམས་པ་དང་འདེམ་དམངས་ཀྱིས་ཡུལ་དངོས་སུ་འདེམ་ཤོག་འཕེན་བཞིན་པ།

当地时间2014年10月26日,乌克兰基辅,乌克兰议会选举开始,选民现场投票。3.jpg

  ཉིས་སྟོང་བཅུ་བཞི་ལོའི་ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན། ཝུའུ་ཁི་ལན་གྱི་ཅི་ཧྥུའུ་ནས་ཝུའུ་ཁི་ལན་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་མགོ་བརྩམས་པ་དང་འདེམ་དམངས་ཀྱིས་ཡུལ་དངོས་སུ་འདེམ་ཤོག་འཕེན་བཞིན་པ།

乌克兰议会选举开始 选民现场投票4.jpg

  ཉིས་སྟོང་བཅུ་བཞི་ལོའི་ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན། ཝུའུ་ཁི་ལན་གྱི་ཅི་ཧྥུའུ་ནས་ཝུའུ་ཁི་ལན་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་མགོ་བརྩམས་པ་དང་འདེམ་དམངས་ཀྱིས་ཡུལ་དངོས་སུ་འདེམ་ཤོག་འཕེན་བཞིན་པ།

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག