མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་འགན་སྔར་བཞིན་ལྗིད་པར་བཤད།

བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-26 10:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་བཅུ་བཞིའི་ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་ནུས་ལྡན་དུ་གྱུར་བ་དང་མཉམ་འབྲེལ་རྒྱལ་ཚོགས་དངོས་སུ་བཙུགས་ནས་ལོ་ངོ་རེ་དགུ་འགོར་བའི་རྗེས་དྲན་ཉིན་མོ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་དོན་དེའི་ཐད་ནས་གཏམ་བཤད་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་འགན་སྔར་བཞིན་ལྗིད་པ་དང་། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཟེར།

ཕན་ཅི་ཝུན་གྱིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། དེང་སྐབས་འཛམ་གླིང་ལ་ཉམས་ཉེན་སྔར་བཞིན་མང་བས་མཉམ་འབྲེལ་རྒྱལ་ཚོགས་སྔར་ལས་དགོས་གལ་ཆེ་ཟེར། དབུལ་ཕོངས་དང་རིམས་ནད། འཇིགས་སྐུལ་རིང་ལུགས། མཐོང་ཆུང་། ནམ་ཟླའི་འགྱུར་ལྡོག་བཅས་ཀྱིས་ང་ཚོར་འགྲོ་སོང་ཆེན་པོ་གཏོང་དུ་བཅུག གཏའ་མ་བཞག་པའི་ངལ་རྩོལ་དང་མི་སྣའི་ལྐོག་འཚོང་། ལོག་གཡེམ། བཟོ་གྲྭ། ཞིང་ས། གཏེར་རི་བཅས་ཀྱི་བདེ་འཇགས་མིན་པའི་ཁོར་ཡུག་གིས་མི་སྔར་ལས་མང་བོར་མུ་མཐུད་དུ་བཤུ་གཞོག་ཐེབས་པར་བྱས་ཡོད་ལ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ལ་སྔར་བཞིན་འདྲ་མཉམ་མིན་པའི་འགྲན་རྩོད་གནས་ཡོད་ཟེར།

ཁོས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་བཙུགས་པ་དེས་འཛམ་གླིང་མི་དམངས་ལ་མིའི་རིགས་ཀྱི་ལ་རྒྱར་བརྙས་དམོད་བྱེད་མཚམས་འཇོག་པ་དང་། ཚང་མར་སྔར་ལས་མཛེས་པའི་མ་འོངས་པ་ཞིག་བསྐྲུན་པ་ཁས་ལེན་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དཀའ་སྡུག་མང་བོ་མྱངས་མྱོང་བར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་རེ་འདུན་མངོན་འགྱུར་བྱེད་པའི་ཐད་སྔར་བཞིན་ལས་འགན་ཧ་ཅང་ལྗིད་ཟེར།

ཁོས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་དེས་ད་ལྟའི་བར་ཆེས་ལེགས་འགྲུབ་བྱུང་བའི་དབུལ་སྐྱོང་འགུལ་སྐྱོད་སྤེལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདྲ་མཉམ་མིན་པ་མེད་པར་གཏོང་བ་དང་། མནར་གཅོད་མེད་པར་གཏོང་བ། རིགས་རྒྱུད་རིང་ལུགས་མེད་པའི་གཏོང་བའི་ཆིངས་ཡིག་གཏན་འབེབས་བྱས་ཏེ། མི་དམངས་ལ་སྲུང་སྐྱོབ་བྱས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ད་རུང་ཁོར་ཡུག་སྲུང་སྐྱོབ་ཀྱི་གྲོས་ཆོད་སྣ་ཚོགས་གཏན་འབེབས་བྱས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣས་དགྲ་བོའི་སྟོབས་ཤུགས་ཁ་ཁར་བྱས་ཤིང་། འདུམ་འགྲིག་མཁན་གྱིས་རྩོད་གླེང་ཐག་གཅོད་བྱས་ཏེ། མི་ཆོས་རིང་ལུགས་ཀྱི་བྱ་བ་བྱེད་མཁན་ལ་ཚེ་སྲོག་སྐྱོབ་པའི་རོགས་སྐྱོར་བྱས་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག