མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཝུ་ཁེ་ལན་གྱིས་ཡོ་རོབ་ལ་ཕྱིར་གཏོང་བྱེད་པའི་སྔར་ཡོད་ཀྱི་དུས་བཅད་ཕྱིར་ནུར་བྱས་པ།

རྡོ་ཐར།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-26 10:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་24ཉིན། ཡོ་རོབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཝུ་ཁེ་ལན་གྱིས་ཡོ་རོབ་ལ་ཕྱིར་གཏོང་བྱེད་པའི་སྔར་ཡོད་ཀྱི་དུས་བཅད་དེ་སྤྱི་ལོ་2015ལོའི་ལོ་མཇུག་བར་དུ་ཕྱིར་ནུར་བྱས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དང་། ཡོ་རོབ་མནའ་འབྲེལ་གྱིས་ད་ལོའི་ཟླ་བ་བཞི་པའི་ནང་ཝུ་ཁེ་ལན་ཕྱོགས་ཀྱིས་ཡོ་རོབ་ལ་ཕྱིར་གཏོང་བྱེད་ཆོག་པའི་གཟིགས་སྐྱོང་ཆ་རྐྱེན་འདོན་སྤྲོད་བྱས་ཅིང་། དེའི་ནང་སྒོ་ཁྲལ་གནས་སྐབས་སུ་ཇེ་ཉུང་ངམ་མེད་པར་གཏོང་བའི་བྱེད་ཐབས་ཚུད་པར་མ་ཟད། འཆར་གཞི་ལྟར་ན་དེ་ད་ལོའི་སྤྱི་ཟླ་11པའི་ཚེས་1ཉིན་དུས་བཅད་ལ་ཐོན་པ་རེད།

ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་གཏན་འཁེལ་ལྟར་ན། ཝུ་ཁེ་ལན་ཕྱོགས་ཀྱིས་སྤྱི་ལོ་2015ལོའི་ཟླ་12པའི་ཚེས་31ཉིན་གྱི་སྔོན་ལ་ཡོ་རོབ་མནའ་འབྲེལ་གྱི་ཁྲོམ་རར་ཞུགས་ཆོག་པའི་གཟིགས་སྐྱོང་ཆ་རྐྱེན་མུ་མཐུད་དུ་ལོངས་སུ་སྤྱད་ཆོག་པ་དང་། ཉིན་དེར་ཡོ་རོབ་མནའ་འབྲེལ་གྱི་སྟོན་ཁའི་མཐོ་རིམ་གྲོས་ཚོགས་པུའུ་ལུའུ་སར་རུ་མཇུག་སྒྲིལ་བ་དང་། ཚང་མས་དོ་སྣང་བྱེད་བཞིན་པའི་ཝུ་ཁེ་ལན་གྱི་གནད་དོན་ཐད་ཡོ་རོབ་མནའ་འབྲེལ་གྱིས་དོན་དངོས་རང་བཞིན་གྱི་ཕན་འབྲས་ཅི་ཡང་ལོན་མེད་པ་རེད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག