མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལྗར་པན་གྱི་མཚམས་སྦྱོར་ཁང་གིས་བཤད་པར། ལྗར་པན་གྱིས་རྒྱལ་ཁབ་གཞན་པའི་དམག་དཔུང་ལ་སྲིད་གཞུང་གིས་རོགས་སྐྱོར་བྱེད་ཆོག་ཟེར་ཡོད།

བདེ་ཆེན་དབང་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-26 10:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྗར་པན་གྱི་མཚམས་སྦྱོར་ཁང་ནས་སྤྱི་ཚེས་23ཉིན་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཨན་ཕེ་སྲིད་གཞུང་ནས་སྲིད་གཞུང་གིས་གསར་དུ་སྤེལ་བའི་རོགས་སྐྱོར་རྩ་གནད་དག་བཅོས་ཇུས་གཞི་ལེགས་སྒྲིག་བྱས་ཟིན་པ་དང་། དེས་རྒྱལ་ཁབ་གཞན་པའི་དམག་དཔུང་ལ་སྲིད་གཞུང་གིས་རོགས་སྐྱོར་བྱེད་ཆོག་པར་བྱེད་རྒྱུ་རེད།

ཐུན་མོང་གསར་འགྱུར་ཁང་ནས། ཨན་ཕེ་སྲིད་གཞུང་གིས་སྔོན་དཔག་བྱས་ན་ལོ་འདིའི་ནང་ནང་བློན་གིས་གྲོས་ཆོད་ལ་གྲོས་འཆམ་བྱས་པའི་རྗེས་སྲིད་གཞུང་གི་གསར་སྤེལ་རོགས་སྐྱོབ་རྩ་གནད་ཀྱི་དག་བཅོས་ཇུས་གཞི་འདོན་རྒྱུ་ཡིན་པ་དང་། མིང་ཡང་སྔོན་གྱི་སྲིད་གཞུང་གི་གསར་སྤེལ་རོགས་སྐྱོར་རྩ་གནད་ནས་གསར་སྤེལ་མཉམ་ལས་ཀྱི་རྩ་གནད་ཏུ་བསྒྱུར་རྒྱུ་རེད། དག་བཅོས་ཇུས་གཞི་ནང་། ཧུར་བརྩོན་ཞི་བདེ་རིང་ལུགས་ཀྱི་ལངས་ཕྱོགས་རྨང་གཞིར་བྱས་ནས། ལྗར་པན་སྲིད་གཞུང་ནས་སྲིད་གཞུང་གསར་སྤེལ་རོགས་སྐྱོར་གྱི་སྤྱོད་ཡུལ་རྒྱ་ཆེར་གཏོང་རྒྱུ་ཡིན་པ་དང་། དེའི་ནང་གནོད་སེལ་ལ་སོགས་པའི་དམག་དོན་གྱི་དམིགས་ཡུལ་མིན་པའི་གནས་ཚུལ་འོག་ཕྱི་རྒྱལ་གྱི་དམག་དཔུང་ལ་རོགས་སྐྱོར་བྱེད་རྒྱུ་ཚུད་ཡོད་ཅེས་བཀོད་ཡོད་པ་རེད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག