མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་གིས་ཁུའུ་ཨར་ཏིའི་རོགས་སྐྱོར་དམག་དཔུང་མངག་ནས་ཁི་པཱ་ནེ་ལ་་རོགས་སྐྱོར་བྱས།

བསོད་ནམས་ཚེ་རིང་།    2014-10-26 10:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉེར་བཞིའི་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱིས་ཁུའུ་ཨར་ཏིའི་འཐབ་མོ་བ་ཉིས་བརྒྱ་ལྷག་མངག་པ་དང་། ཐུར་ཁེའི་མངའ་ཁོངས་བརྒྱུད་དེ་དཀའ་ཁག་བྱུང་བའི་སི་རི་ཡཱའི་མཐའ་མཚམས་གྲོང་ཁྱེར་ཁི་པཱ་ནེ་ལ་རོགས་སྐྱོར་བྱས་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་རག་གི་ཁུའུ་ཨར་ཏི་དམངས་དམག་རྩ་འཛུགས་རང་དབང་འཐབ་མོ་བའི་མགྲིན་ཚབ་པ་ཧི་ཁི་མཱ་ཐི་ཡིས་ཉིན་དེར་བསྟན་དོན། དམག་དཔུང་དེ་རོགས་སྐྱོར་སྟོབས་ཤུགས་ཤིག་ཡིན་པའི་ཆ་ནས་ཁི་པཱ་ནེ་རུ་མངག་པ་དང་། ཁོ་ཚོའི་མི་གྲངས་མི་ཉིས་བརྒྱ་ལས་བརྒལ་མི་སྲིད་པ་དང་། དུས་ནམ་ཞིག་ལ་ལམ་དུ་ཆས་པར་ཡང་གཏན་འཁེལ་གསལ་བོ་བྱེད་མི་ཐུབ་ཀྱང་། གཟའ་འཁོར་རྗེས་མར་འགུལ་སྐྱོད་སྤེལ་སྲིད་པ་ཁོ་ཐག་ཡིན་ཟེར། དམག་དོན་གསང་རྒྱ་ལ་བསམ་བློ་བཏང་སྟེ། དམག་དཔུང་དེ་གནས་གང་བརྒྱུད་ནས་ཁི་པཱ་ནེ་རུ་འབྱོར་བར་གསལ་བོར་བཤད་ཐབས་མེད་ཟེར། བསྒྲགས་པའི་གནས་ཚུལ་ལྟར་ན། ཁུའུ་ཨར་ཏིའི་རོགས་སྐྱོར་དམག་དཔུང་གིས་ཐུར་ཁེ་བརྒྱུད་ནས་ཁི་པཱ་ནེ་རུ་འགྲོ་རྒྱུ་རེད་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག