མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐུ་ནི་ཞི་ཡཱའི་ཉེན་རྟོག་ཕྱོགས་དང་དྲག་ཆས་འཇིགས་སྐུལ་པས་འཁྲུག་རྩོད་བྱས།

བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-26 10:37

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུ་ནི་ཞི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་གསུམ་ཉིན་རྒྱལ་ས་ཐུ་ནི་ཞི་ཡཱ་གྲོང་ཁྱེར་ཉེ་འདབས་ནས་འཇིགས་སྐུལ་ཉེས་ཅན་གྱི་དྲག་ཆས་མི་སྣར་འཁྲུག་རྩོད་བྱས་པ་དང་། ཉུང་མཐར་ཡང་ཉེན་རྟོག་པ་གཅིག་རྐྱེན་ལམ་དུ་ཤོར་ཟེར།

ཐུ་ནི་ཞི་ཡཱའི་ནང་སྲིད་པུའུ་ཡི་དཔོན་རིགས་ཀྱིས་བཤད་རྒྱུར། འཁྲུག་རྩོད་དྲག་པོ་བྱས་རྗེས། ཉེན་རྟོག་ཕྱོགས་ཀྱིས་ཐུ་ནི་ཞི་ཡཱ་གྲོང་ཁྱེར་ནུབ་ངོས་ཀྱི་ཨེ་ལེ་ཧི་གྲོང་རྡལ་གྱི་ཁང་བ་ཞིག་གི་མཐའ་བསྐོར་བ་དང་། གྲོས་མོལ་མི་སྣ་མངག་ནས་དེའི་ནང་གི་དྲག་ཆས་མི་སྣར་མགོ་སྒུར་དགོས་པའི་སྐུལ་མ་བཏང་བ་རེད་ཟེར།

ཉེན་རྟོག་དཔོན་པོ་ཞིག་གིས་གསར་འགོད་པར་བཤད་རྒྱུར། ཉེན་རྟོག་པ་གཅིག་འཁྲུག་རྩོད་དེའི་ཁྲོད་མདའ་ཕོག་ནས་རྐྱེན་ལམ་དུ་ཤོར་ཟེར། ཁོས་ཉེན་རྟོག་ཕྱོགས་ཀྱི་འཁྲུག་རྩོད་བྱེད་ཡ་དེ་འཇིགས་སྐུལ་ཚོགས་ཁག་རེད་ཟེར།

ནང་སྲིད་པུའུ་ཡི་མགྲིན་ཚབ་པ་ཞིག་གིས་བཤད་རྒྱུར། ཉིན་དེའི་ཞོགས་པར་ཉེན་རྟོག་ཕྱོགས་ཀྱིས་ད་རུང་ཐུ་ནི་ཞི་ཡཱ་གྲོང་ཁྱེར་ལྷོ་ངོས་ཀྱི་སྤྱི་ལེ་ལྔ་བརྒྱ་མཚམས་སུ་ཡོད་པའི་ཅི་པུས་ལེ་ནས་འཇིགས་སྐུལ་ཉེས་ཅན་དང་འཁྲུག་རྩོད་བྱས། དོགས་ཡོད་ཉེས་ཅན་དེས་བདེ་སྲུང་མི་སྣ་གཅིག་བསད་རྗེས་འཛིན་བཟུང་བྱས། ཉེན་རྟོག་ཕྱོགས་ཀྱིས་མེ་མདའ་གཉིས་གཞུང་བཞེས་བྱས་ཡོད་ཟེར།

ཟླ་འདིའི་ནང་བདེ་འཇགས་དམག་དཔུང་གིས་ཆོས་ལུགས་ཀྱི་དྲག་ཆས་ཚོགས་ཁག་ཅིག་འཛིན་བཟུང་བྱས་པ་དང་། དྲག་ཆས་ཚོགས་ཁག་དེའི་ནང་དུ་བུད་མེད་གཉིས་ཡོད་ཟེར། ཚོགས་ཁག་དེས་ཐུ་ནི་ཞི་ཡཱ་གྲོང་ཁྱེར་དུ་འཇབ་རྒོལ་བྱེད་རྩིས་ཡོད་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག