མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་མཱ་ལི་ལན་ཀྲིག་ནས་གནམ་གྲུ་གཉིས་ཐོ་བརྒྱབ་སྟེ་མི་གསུམ་རྐྱེན་ལམ་དུ་ཤོར་བ།

བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-25 10:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྒྲགས་པའི་གནས་ཚུལ་ལྟར་ན། གནམ་གྲུ་ཆུང་བ་ཞིག་དང་གྱེན་འཕུར་གནམ་གྲུ་ཞིག་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར་མཱ་ལི་ལན་ཀྲིག་གི་བར་སྣང་ནས་ཐོ་རྒྱབ་སྟེ་སར་ལྷུང་བ་དང་། དོན་རྐྱེན་དེ་ལས་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་གཉིས་ལ་རྨས་ཕོག

བསྒྲགས་པའི་གནས་ཚུལ་ལྟར་ན། དོན་རྐྱེན་དེ་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་ཞེ་ལྔའི་སྟེང་། མཱ་ལི་ལན་ཀྲིག་ཧྥོ་ལོས་ཏི་ལི་ཁི་གནམ་གྲུ་ཐང་གི་ཉེ་འདབས་ནས་བྱུང་བ་རེད། མིག་སྔར་ས་དེའི་རྒུད་སྐྱོབ་སྡེ་ཁག་གིས་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་བདེན་དཔང་བྱས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག