མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རི་དང་ལྷོ་ཁོ་རེ་ཡ་གཉིས་ཀྱིས་གཡུལ་སའི་བཀོད་འདོམས་དབང་ཆ་རྩིས་སྤྲོད་བྱེད་རྒྱུ་སླར་ཕྱིར་འགྱངས་བྱས་ཡོད་པ།

བདེ་ཆེན་དབང་མོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-25 10:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་23ཉིན་ཨ་རི་དང་ལྷོ་ཁོ་རེ་ཡ་གཉིས་ཀྱིས་སྔོན་གཏན་འཁེལ་བའི་2015ལོའི་ལོ་མཇུག་ཏུ་དམག་རྒྱག་དུས་ཀྱི་གཡུལ་སའི་བཀོད་འདོམས་དབང་ཆ་རྩིས་སྤྲོད་བྱེད་པའི་དུས་ཚོད་ཕྱིར་འགྱངས་བྱེད་རྒྱུར་མོས་མཐུན་བྱུང་ཡོད་པ་རེད། དབྱེ་ཞིབ་མི་སྣ་དག་གིས་ཨ་རི་དང་ལྷོ་ཁོ་རེ་ཡ་གཉིས་བར་གྱི་ཐག་གཅོད་འདི། དོན་དངོས་སུ་ཚད་བཀག་མེད་པར་རྩིས་སྤྲོད་དུས་ཚོད་ཕྱིར་འགྱངས་བྱེད་པར་རྩིས་ཆོག་ཅེས་བཤད་ཡོད་པ་རེད།

གྲོས་ཆོད་ལ་གཞིགས་ན། ཕྱོགས་གཉིས་པོས་དམག་རྒྱག་དུས་ཀྱི་གཡུལ་སའི་བཀོད་འདོམས་དབང་ཆ་རྩིས་སྤྲོད་མ་བྱེད་གོང་། ལྷོ་ཁོ་རེ་ཡར་བཅའ་སྡོད་བྱས་པའི་ཨ་རིའི་དམག་སྤྱི་ཁང་ནི་མུ་མཐུད་ནས་ཧྲའོ་ཨེར་ལུང་ཧྲན་རྟེན་གཞིར་བཅའ་སྡོད་བྱེད་པ་དང་། སྤྱི་ལོ་༢༠༢༠ལོའི་བར་ལྷོ་ཁོ་རེ་ཡ་དམག་དཔུང་གི་དམག་དོན་རྡུང་རྡེག་ནུས་ཤུགས་སྔར་ལས་མཐོ་རུ་མ་འགྲོ་གོང་། ཨ་རི་༢༡༠གི་མེ་སྒྱོགས་དམག་ལུས་ཤོག་ནི་མུ་མཐུད་ཅིང་ཅི་ཏའོ་ཏུང་ཏོག་ཁྲོན་རྟེན་གཞིར་བཅའ་སྡོད་བྱ་རྒྱུ་ཡིན་པ། བྱང་ཁོ་རེ་ཡའི་ཉིང་རྡུལ་འཇིགས་སྐུལ་ཚུད་པའི་ས་ཁོངས་བདེ་འཇགས་ཀྱི་འགྱུར་བར་ཁ་གཏད་གཅོག་ཆེད། ལྷོ་ཁོ་རེ་ཡ་ཕྱོགས་ནས་གྲོས་འགོ་འདོན་པའི་ཆ་རྐྱེན་ལྡན་པའི་དམག་རྒྱག་དུས་ཀྱི་གཡུལ་སའི་བཀོད་འདོམས་དབང་ཆ་རྩིས་སྤྲོད་པའི་ཇུས་གཞི་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་བྱུང་ཡོད་པ་རེད། །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག