མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ས་ཁུལ་གྱི་བདེ་འཇགས་གནས་བབ་འགྲན་རྩོད་དྲག་པོར་འཕྲད་ཡོད་པར་བཤད།

བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-25 10:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྲུའུ་ཁའེ་ལི་ཡིས་ཚེས་ཉེར་གསུམ་ཉིན་ཨར་ཅིར་ནས་བསྟན་དོན། མིག་སྔར་དབུས་ཤར་ས་ཁུལ་དུ་བདེ་འཇགས་ཀྱི་འགལ་རྐྱེན་ཚབས་ཆེན་ཡོད་པ་དང་། ཨེ་ཅིབ་དང་ཨར་ཅི་རི་ཡཱ་རྒྱལ་ཁབ་གཉིས་ས་ཁུལ་གྱི་བརྟན་འཇགས་སྲུང་སྐྱོབ་བྱེད་པའི་ཐད་འགྲན་རྩོད་ཆེན་པོ་འཕྲད་ཡོད་ཟེར།

ཧྲུའུ་ཁའེ་ལི་ཡིས་ཉིན་དེར་ཨར་ཅི་རི་ཡཱའི་ཙུང་ཐུང་པུའུ་ཐི་ཧྥོ་ལེ་ཁཱ་དང་གྲོས་མོལ་བྱས་རྗེས་ཕྱི་ཕྱོགས་ལ་བསྟན་དོན། དེང་སྐབས་དབུས་ཤར་ས་ཁུལ་གྱི་གནས་བབ་དེ་འདྲའི་བཟང་རྒྱུ་མེད་པ་དང་། ཁྱད་པར་དུ་ཕཱ་ལེ་སི་ཐན་དང་སི་རི་ཡཱ། ཡེ་མིན། དབྱི་རག ལི་པུ་ཡཱ་སོགས་ས་ཁུལ་གྱི་བདེ་འཇགས་གནས་བབ་ལ་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད། ཨེ་ཅིབ་དང་ཨར་ཅི་རི་ཡཱ་རྒྱལ་ཁབ་གཉི་ག་ཨ་རབ་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཆ་ནས། ས་ཁུལ་གྱི་བདེ་འཇགས་ཐད་ནས་འགྲན་རྩོད་ཆེན་པོར་འཕྲད་ཡོད་ཟེར།

ཧྲུའུ་ཁའེ་ལི་ཡིས་བཤད་རྒྱུར། ས་ཁུལ་གྱི་གནས་བབ་བརྟན་འཇགས་ཡོང་བའི་ཐད་ནས་ཨེ་ཅིབ་དང་ཨར་ཅི་རི་ཡཱ་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཤིང་། ལངས་ཕྱོགས་མཐུན་སྦྱོར་བྱས་ཏེ་གྲུབ་འབྲས་ཆེས་བཟང་བོ་ཐོབ་པར་བྱས་ཆོག་ཟེར།

ཨར་ཅི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་ལཱ་མཱ་མུའུ་ལཱ་ཡིས་ཀྱང་ཉིན་དེར་བསྟན་དོན། ལི་པུ་ཡཱའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཡིན་པའི་ཆ་ནས། ཨར་ཅི་རི་ཡཱ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ཀྱིས་ལི་པུ་ཡཱའི་རྒྱལ་ནང་གི་གནས་བབ་ལ་དོ་སྣང་བྱེད་བཞིན་ཡོད། ཨར་ཅི་རི་ཡཱའི་གནད་དོན་དེའི་ཐད་ཀྱི་ལངས་ཕྱོགས་འགྱུར་མེད་པ་དང་། ལི་པུ་ཡཱའི་ཕྱོགས་ཁག་སོ་སོས་གྲོས་མོལ་ལ་བརྟེན་ནས་མིག་སྔའི་འགལ་བ་ཐག་གཅོད་བྱེད་པ་རྒྱུན་འཁྱོངས་བྱེད་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། ལི་པུ་ཡཱ་ལ་དམག་དོན་ཐེ་གཏོགས་བྱས་ན་གནད་དོན་ཐག་གཅོད་བྱེད་མི་ཐུབ་པར་མ་ཟད། དེའི་ཁྱིམ་མཚེས་རྒྱལ་ཁབ་དག་ལའང་གནོད་འཚེ་འབྱུང་སྲིད་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག