མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་གིས་མ་དངུལ་འབོར་ཆེན་བཏང་ནས་ཨེ་པའོ་ལཱ་རིམས་ནད་ཀྱི་འགོག་སྨན་དང་སྨན་རྫས་ཞིབ་འཇུག་གསར་སྤེལ་བྱེད་རྒྱུ་རེད།

བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-25 10:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལུའུ་ཐིག་གསར་འགྱུར་ཁང་གིས་ཚེས་ཉེར་གཉིས་ཉིན་བསྒྲགས་པ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་དང་ཡོ་རོབ་གླིང་སྨན་བཟོ་ཁེ་ལས་ཀྱིས་མཉམ་དུ་ཡོ་སྒོར་དུང་ཕྱུར་གཉིས་བཏང་སྟེ། ཨེ་པའོ་ལཱ་རིམས་ནད་འགོག་བཅོས་བྱེད་པའི་འགོག་སྨན་དང་སྨན་རྫས་ཀྱི་ཞིབ་འཇུག་གསར་སྤེལ་ཐད་བཀོལ་རྒྱུ་རེད་ཟེར། འཛམ་གླིང་གི་སྨན་བཟོའི་བཟོ་གྲྭ་ཆེན་པོ་ཀི་ལན་སུའུ་ཧྲི་ཁི་དང་ཆང་ཧྲིན་གཉིས་ཀྱིས་ཀྱང་བསྟན་དོན། སྨན་བཟོའི་ཁེ་ལས་གཞན་པར་མཉམ་འབྲེལ་བྱས་ཏེ། ཨེ་པའོ་ལཱ་རིམས་ནད་ཀྱི་འགོག་སྨན་ཞིབ་འཇུག་གསར་སྤེལ་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་ཟེར། དེའི་སྔོན་ནད་བྱུང་སའི་ས་ཁོངས་ཨ་ཧྥེ་རི་ཁ་ནུབ་མ་ཁོ་ན་ཡིན་པ་དང་། དཔལ་འབྱོར་ཕན་འབྲས་ཀྱང་དམའ་བས། སྨན་བཟོའི་ཁེ་ལས་ཀྱིས་མ་དངུལ་དང་སྟོབས་ཤུགས་དེ་ཨེ་པའོ་ལཱ་རིམས་ནད་ཀྱི་འགོག་སྨན་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བྱེད་པའི་ཐད་བཀོལ་འདོད་ཡོད། ཨེ་པའོ་ལཱ་རིམས་ནད་དེ་ཨ་ཧྥེ་རི་ཁ་ནུབ་མ་ས་ཁུལ་ནས་ཨ་ཧྥེ་རི་ཁ་གླིང་ལས་ས་ཁུལ་གཞན་པར་མཆེད་པ་དང་བསྟུན་ནས། ཨེ་པའོ་ལཱ་རིམས་ནད་དེ་འཛམ་གླིང་ཡོངས་ཀྱི་འཇིགས་ཉེན་དུ་གྱུར་ཡོད་པས། རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་སྨན་བཟོའི་ཁེ་ལས་ཀྱིས་དེར་དོ་སྣང་ཆེན་པོ་མི་བྱེད་ཀ་མེད་བྱུང་བ་རེད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། ཐེངས་འདིའི་ཨེ་པའོ་ལཱ་རིམས་ནད་ལས་ད་ལྟའི་བར་མི་ཁྲི་གཅིག་དང་སྟོང་ལྔའི་ཚེ་སྲོག་ཤོར་ཡང་། མིག་སྔའི་བར་ཚོད་ལྟ་བྱས་ཤིང་ཨེ་པའོ་ལཱ་རིམས་ནད་སྔོན་འགོག་དང་གསོ་བཅོས་ཀྱི་ནུས་པ་ལྡན་པའི་སྨན་རྫས་ཤིག་ད་རུང་མེད། ཡོ་རོབ་གླིང་སྨན་རྫས་དོ་དམ་ཅུའུ་ཡིས་བསྟན་དོན། དུས་ངེས་མེད་དུ་བཟོ་གྲྭས་ཞིབ་བཤེར་བྱེད་པར་བསྐྱལ་ཡོང་བའི་ཨེ་པའོ་ལཱ་རིམས་ནད་ལ་དམིགས་པའི་སྨན་རྫས་ལ་མྱུར་དུ་དཔྱད་ཞིབ་བྱས་ཏེ་སྔ་མོ་ནས་ཐོན་སྐྱེད་བྱེད་པར་སྟབས་བདེ་བཟོ་དགོས་ཟེར།   །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག