མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་ཡིས་རང་གི་མངའ་ཁོངས་སུ་ཡོད་པའི་གླིང་སྣེ་བྱང་མ་ས་ཁུལ་དུ་དམག་དཔུང་བཀོད་སྒྲིག་བྱས་ཏེ་གླིང་སྣེ་བྱང་མའི་གད་སྙིགས་གཙང་དག་བྱེད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-24 10:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་ཚེས་ཉེར་གཅིག་ཉིན་བསྟན་དོན། ཉིས་སྟོང་བཅུ་བཞིའི་ལོར་ཨུ་རུ་སི་ཡིས་རང་གི་མངའ་ཁོངས་སུ་ཡོད་པའི་གླིང་སྣེ་བྱང་མ་ས་ཁུལ་དུ་དམག་དཔུང་བཀོད་སྒྲིག་བྱས་ཏེ། ནུབ་བྱང་ནས་ཡོན་ཏུང་ས་ཁུལ་བར་གྱི་གླིང་སྣེ་བྱང་མའི་ས་ཁོངས་བར་ཁེབས་སྲིད་པ་དང་། དམག་དཔུང་བཀོད་སྒྲིག་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་ཨུ་རུ་སིའི་གླིང་སྣེ་བྱང་མ་ས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན་ཟེར། དམག་དཔུང་གིས་གླིང་སྣེ་བྱང་མའི་གད་སྙིགས་གཙང་དག་བྱེད་པའི་འཆར་གཞི་ཡོད་ལ། དུས་ཡུན་རིང་བོར་གླིང་སྣེ་བྱང་མར་ལུས་པའི་གད་སྙིགས་ཀྱིས་ས་དེའི་སྲོག་ཆགས་ཀྱི་འཚོ་སྡོད་ཁོར་ཡུག་ལ་གཏོར་བརླག་ཐེབས་པར་སྔོན་འགོག་བྱེད་རྒྱུ་ཡིན་ཟེར།

དེའི་སྔོན་རྒྱལ་སྲུང་བློན་ཆེན་གཞོན་པ་པུའུ་ཨར་ཅཱ་ཁི་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་ཡིས་གླིང་སྣེ་བྱང་མར་སྐྱེ་ཁམས་ཁོར་ཡུག་ལ་ལྟ་རྟོག་བྱེད་པའི་བྱང་ཕྱོགས་གྲུ་གཟིངས་རུ་ཁག་གི་ས་ཁུལ་སྐྱེ་ཁམས་ལྟེ་གནས་འཛུགས་རྒྱུ་ཡིན་ཟེར། ཁོས་མཚམས་སྦྱོར་བྱས་པ་ལྟར་ན། བཀོད་སྒྲིག་བྱས་པའི་དམག་དཔུང་གིས་ད་ལྟར་ལག་བསྟར་བྱེད་པའི་རྒྱལ་སྤྱིའི་ཚད་གཞི་དང་ཡོངས་བཀོལ་གྱི་རྒྱལ་སྤྱིའི་ཁྲིམས་སྲོལ་ལྟར་དུ་གླིང་སྣེ་བྱང་མའི་སྐྱེ་ཁམས་བདེ་འཇགས་གནད་དོན་ལ་མཐུན་སྦྱོར་བྱེད་རྒྱུ་ཡིན་པ་དང་། དམག་དོན་རྟེན་གཞི་དེས་གླིང་སྣེ་བྱང་མའི་སྦགས་བཙོག་གི་ཚད་ཇེ་སྡུག་ཏུ་གཏོང་མི་སྲིད་ཟེར།  །

 

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག