མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཅིན་དང་པའོ་ལོ་ཧྲིན་ཁི་གཉིས་ཀྱིས་རང་བྱུང་སོལ་རླངས་ཀྱི་ཁྱབ་ཁོངས་མཉམ་ལས་ཐད་ནས་བསམ་འཆར་བརྗེ་རེས་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-22 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་གཉིས་ཀྱིས་རང་བྱུང་སོལ་རླངས་ཀྱི་ཁྱབས་ཁོངས་མཉམ་ལས་ཐད་ནས་ཁ་པར་གྲོས་མོལ་བྱས།

ཁི་ལེ་མུའུ་ལིན་ཕོ་བྲང་གི་གསར་འགྱུར་ཅུའུ་ཡིས་བསྟན་དོན། མུས་ལན་གྱི་ཉིན་འགའི་རིང་གི་རྣམ་པ་སྣ་ཚོགས་པའི་གྲོས་མོལ་མཇུག་འབྲས་ལ་བསམ་བློ་བཏང་སྟེ། ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་རང་བྱུང་སོལ་རླངས་ཀྱི་ཁྱབ་ཁོངས་མཉམ་ལས་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་དང་ཨུ་རུ་སི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་འཐུས་མི་ཞུགས་པའི་མུས་ལན་གྲོས་མོལ་སྟེང་རང་བྱུང་སོལ་རླངས་ཀྱི་དགུན་ཁའི་འཆར་གཞིའི་རྩོད་གཞིའི་གནད་དོན་ཚང་མ་གྲོས་ཐག་རག་ཙམ་བཅད་ཡོད་པ་དང་། ཉིས་སྟོང་བཅོ་ལྔ་ལོའི་ཟླ་གསུམ་པའི་ཟླ་མཇུག་བར་དུ་སོལ་རླངས་རྒྱ་དཔངས་གྲུ་བཞི་མ་གཅིག་རེའི་རིན་གོང་མེ་སྒོར་སུམ་བརྒྱ་དང་གྱ་ལྔ་ཡིན་ལ། མ་དངུལ་སྔོན་རྩིས་བྱེད་པའི་ཐབས་ཀྱིས་རང་བྱུང་སོལ་རླངས་དང་དངུལ་བུན་སྤྲོད་པའི་འཆར་གཞི་ལ་ཐུན་མོང་གི་ལྟ་ཚུལ་བྱུང་ཡོད་ཟེར།

གཞན་ཡང་ཁི་ལེ་མུའུ་ལིན་ཕོ་བྲང་གསར་འགྱུར་ཅུའུ་ཡིས་ཚེས་ཉེར་གཅིག་ཉིན་བསྒྲགས་པ་ལྟར་ན། ཕུའུ་ཅིན་དང་པའོ་ལོ་ཧྲིན་ཁི་གཉིས་ཀྱིས་ཝུའུ་ཁི་ལན་ཤར་ལྷོའི་གནས་བབ་ཐག་གཅོད་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་ཟེར། བསྒྲགས་པ་ལྟར་ན། སྔར་ལས་ལྷག་པའི་སྒོ་ནས་ཝུའུ་ཁི་ལན་ཤར་ལྷོའི་ས་ཁུལ་གྱི་ཞི་བདེའི་འཕེལ་རིམ་ལ་རོགས་རམ་བྱེད་པ་དང་འཁྲུག་རྩོད་མཚམས་འཇོག་པའི་ལམ་ལུགས་ལ་ལྟ་རྟོག་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག