མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་བྱ་དོན་གྲོས་མོལ་དང་མཐུན་སྦྱོར་ལས་དོན་སྒྲིག་གཞིའི་གྲོས་ཚོགས་ཐི་ལི་གསར་པར་སྐོང་འཚོགས་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-21 11:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10པའི་ཚེས16ཉིན་ནས17ཉིན་བར་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་བྱ་དོན་གྲོས་མོལ་དང་མཐུན་སྦྱོར་ལས་དོན་སྒྲིག་གཞིའི་གྲོས་ཚོགས་དེ་ཐི་ལི་གསར་པར་སྐོང་འཚོགས་བྱས་ཡོད་པ་རེད། ཕྱོགས་གཉིས་པོས་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྔར་བས་སྲུང་སྐྱོང་བྱ་རྒྱུའི་བྱ་ཐབས་ཐད་གྲོས་མོལ་གཏིང་ཟབ་བྱས་པ་མ་ཟད་ཐུན་མོང་ངོས་འཛིན་མང་པོ་བྱུང་ཡོད་དེ། དམག་གཉིས་པོའི་སྤྱི་ཁྱབ་པུའུ་དང་ཁྱིམ་མཚེས་དམག་ཁུལ་ཁང་དང་མཐའ་སྲུང་དཔུང་སྡེའི་བར་དུས་བཀག་ཐུག་འཕྲད་སྒྲིག་གཞི་འཛུགས་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་མཐའ་མཚམས་ས་ཁུལ་དུ་མཐའ་སྲུང་ཐུག་འཕྲད་ས་ཚུགས་གསར་སྣོན་བྱ་རྒྱུ དམག་གཉིས་པོའི་སྤྱི་ཁྱབ་པུའི་བར་ཐད་གཏོང་ཁ་པར་འཁྲིད་རྒྱུ ཕྱོགས་གཉིས་པོའི་འཐབ་ས་དང་པོའི་མཐའ་སྲུང་དཔུང་སྡེའི་བར་གློག་འཕྲིན་འབྲེལ་གཏུག་འཛུགས་སྐྱོང་དང་རིགས་ཁག་གི་སྤེལ་རེས་བྱེད་སྒོ་སྤེལ་རྒྱུ་བཅས་ལ་མོས་མཐུན་བྱུང་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག