མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་གིས་ནུབ་ཕྱོགས་བཀག་བསྡོམས་ཀྱི་དམིགས་ཡུལ་ནི་ཨུ་རུ་སིར་འགྱུར་བ་གཏོང་རྒྱུ་དེ་ཡིན་ཞེས་བསྟན་ཡོད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-21 11:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུ་ལུའོ་ཧྥུ་ཡིས་ཨུ་རུ་སིའི་རང་ཚུགས་བརྙན་འཕྲིན་ཁང་གིས་སྤྱི་ཚེས19ཉིན་བཏང་པའི་བགྲོ་གླེང་ལེ་ཚན་ནང་། ནུབ་ཕྱོགས་བཀག་བསྡོམས་ཀྱི་དམིགས་ཡུལ་ནི་ཨུ་རུ་སིར་འགྱུར་ལྡོག་གཏོང་བ་དེ་ཡིན་པ་ལས། ཝེ་ཁེ་ལན་ཉམས་ཉེན་འདུམ་འགྲིག་བྱེད་པའི་ཆེད་མིན་ཅེས་བསྟན་ཡོད།

ལ་ཧྥུ་ལུའོ་ཧྥུ་ཡིས། ཨུ་རུ་སི་དང་ཡོ་རོབ་གླིང་ནི་ཕན་ཚུན་སུ་ལའང་བྲལ་ཐབས་མེད་པ་དང་། ཕྱོགས་གཉིས་ཀ་ཁྱིམ་མཚེས་ཡིན། དུས་རབས་དུ་མའི་ཐུན་མོང་གི་ལོ་རྒྱུས་ལྡན་པ་ཡིན། ནུབ་ཕྱོགས་ཀྱི་ཆབ་སྲིད་པས་འཛམ་གླིང་ལྟ་ཕྱོགས་ནས་བསམ་བློ་གཏོང་མགོ་ཚུགས་དུས། ཨུ་རུ་སི་དང་ཡོ་རོབ་གླིང་བར་གྱི་འབྲེལ་བ་ད་གཟོད་འཛུགས་སྐྱོང་བྱེད་ཐུབ་ཞེས་བསྟན་ཡོད། ཁོང་གིས་ཨུ་རུ་སིས་ནུབ་ཕྱོགས་ཀྱིས་བཀག་བསྡོམས་ཕྱིར་འཐེན་བྱེད་པའི་ཐད་བཏོན་པའི་ཚད་གཞི་དང་ཆ་རྐྱེན་གང་ཡང་དང་ལེན་བྱེད་མི་སྲིད་ཞེས་གསལ་པོར་བསྟན་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག