མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨན་ཕེ་ནང་བློན་ཁང་གི་ཁྲིམས་དོན་བློན་ཆེན་ལས་དགོངས་ཞུས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-21 11:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྗར་པན་ཁྲིམས་དོན་བློན་ཆེན་སུང་ཏའོ་ལུས་འདེམས་བསྐོའི་བཅའ་ཁྲིམས་ལས་རྒྱབ་བརྒལ་བྱས་པའི་དོགས་པ་ཡོད་པར་བརྟེན། སྤྱི་ཚེས20ཉིན་གྱི་ཉིན་གུང་དབུ་བཞུགས་བློན་ཆེན་ཨན་ཕེ་ཅིན་སན་ལ་ལས་གནས་དགོངས་ཞུའི་ཡི་གེ་བསྐྱལ་བ་མ་ཟད་ཆོག་མཆན་ཐོབ་ཡོད་པ་རེད། ལྗར་པན་སྨྱན་སྦྱོར་ཚན་པས་གནས་ཚུལ་སྤེལ་བར་གཞིགས་ན། སུང་ཏའོ་ལུས་འདེམས་ཁུལ་དུ་རང་ཉིད་དྲིལ་བསྒྲགས་བྱེད་པའི་ཚོགས་དར་སྤྲད་པ་དང་། གཞུང་ཞབས་པའི་འདེམས་བསྐོའི་བཅའ་ཁྲིམས་ཀྱི་འདེམས་དམངས་ལ་རིན་ཐང་ཡོད་པའི་དངོས་པོ་སྤྲད་མི་ཆོག་པའི་འབྲེལ་ཡོད་གཏན་འབེབས་ལས་རྒྱབ་བརྒལ་བྱས་ཡོད་པ་རེད། ལྗར་པན་སྲིད་དབང་མི་བཟུང་མཁན་ཏང་གིས་རྒྱལ་ཚོགས་ཀྱི་འདྲི་ཞིབ་ཁྲོད་སུང་ཏའོ་ལུད་ཀྱི་གནད་དོན་དེ་ཡང་བསྐོར་བསྐྱར་བསྐོར་གྱི་རྩད་ཞིབ་བྱས་པ་མ་ཟད་གཟའ་འཁོར་གོང་མར་ཐོར་ཁེའུ་ཞིབ་དཔྱིད་ལས་ཁུངས་ཕྱོགས་ལ་ཐེར་འདོན་བྱས་ཡོད་པ་རེད།  །

 

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག