མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་ཧྲི་ཡའི་ཤོག་ཁག་གི་ཆོས་ལུགས་གཙོ་འཛིན་གྱིས་སྲིད་གཞུང་གསར་པར་རྒྱབ་སྐྱོར་བྱེད་རྒྱུའི་རྣམ་པ་བསྟན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-21 11:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱ་རག་ཧྲེ་ཡའི་ཤོག་ཁག་གི་ཆེས་མཐོའི་ཆོས་ལུགས་གཙོ་འཛིན་ཤི་སི་ཐ་ཉིས་སྤྱི་ཚེས20ཉིན་དབྱི་རག་གི་ཙུང་ལི་ཨ་པ་ཏི་དང་མཇལ་མོལ་གནང་སྟེ། ཨ་པ་ཏིའི་སྲིད་གཞུང་གསར་པ་དང་དབྱི་སི་ལན་རྒྱལ་ཁབ་ཟེར་བའི་ཐལ་སྐྱོད་དྲག་ཆས་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་རྣམ་པ་བསྟན་ཡོད།

ཨ་པ་ཏིས་མཇལ་མོལ་མཇུག་སྒྲིལ་རྗེས་གསར་འགྱུར་ཚན་པར། ཤི་སི་ཐ་ཉིས་སྲིད་གཞུང་གིས་ཕྱི་རྒྱལ་གྱི་ས་ངོས་དཔུང་སྡེ་དབྱི་རག་ལ་འཛུལ་ནས་ཐད་སྐྱོད་དྲག་ཆས་པར་རྡུང་རྡེག་གཏོང་བར་ངོ་རྒོལ་བྱེད་པའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་དང་། ཁོང་གིས་དབྱི་རག་བར་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་དབྱི་སི་ལན་རྒྱལ་ཁབ་ཟེར་བས་བཙན་བཟུང་བྱས་པའི་མངའ་ཁོངས་ས་ཆ་བཅིངས་འགྲོལ་གཏོང་རྒྱུའི་ནུས་པ་ལྡན་དགོས་ངེས་རེད། དེའི་རྒྱུ་མཚན་ནི་འཛམ་གླིང་ཐོག་གི་རྒྱལ་ཁབ་སུ་ཞིག་གིས་ཀྱང་གཞན་གྱི་ཚབ་བྱས་ཏེ་མངའ་ཁོངས་ས་ཆ་ཚུར་བླངས་ནས་རང་ལ་སྤྲོད་འདོད་བྱེད་མཁན་ཞིག་མེད་པས་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག