མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཅི་ཧྥུའུ་ནས་ཝུའུ་ཁི་ལན་བསྐྱར་འཛུགས་བྱེད་པའི་རོགས་སྐྱོར་ཚོགས་ཆེན་སྤེལ་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-20 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་བཅུ་དགུའི་ཉིན་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉིས་སྟོང་བཅོ་ལྔ་ལོའི་ཟླ་དང་པོའི་ཟླ་མཇུག་ལ་ཅི་ཧྥུའུ་ནས་ཝུའུ་ཁི་ལན་བསྐྱར་འཛུགས་བྱེད་པའི་རོགས་སྐྱོར་རྒྱལ་ཁབ་དང་དངུལ་གཏོང་རྒྱལ་ཁབ་ཀྱི་ཚོགས་ཆེན་སྤེལ་རྒྱུ་རེད་ཟེར།

ཝུའུ་ཁི་ལན་སྲིད་གཞུང་གིས་བསྒྲགས་པ་ལྟར་ན། ཚོགས་ཆེན་དེ་ཟླ་དང་པོའི་ཟླ་མཇུག་ལ་སྤེལ་རྒྱུ་གཏན་འཁེལ་བྱས་ཡོད་པ་དང་། གྲོས་མོལ་བྱས་པ་བརྒྱུད་གྲོས་མོལ་བྱེད་སའི་གནས་ཅི་ཧྥུའུ་རུ་གཏན་འཁེལ་བྱས་ཡོད།

བསྒྲགས་པའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་དངུལ་བུན་ཆིངས་འགལ་གྱི་གནས་སུ་ལྷུང་ཡོད་པ་དང་། ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་དངུལ་བསྐྱི་ལ་བརྟེན་ནས་རྒྱལ་ཁབ་དཔལ་འབྱོར་རྒུད་སྐྱོབ་བྱེད་རྒྱུ་གྲོས་འཆམ་བྱུང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་ཝུའུ་ཁི་ལན་གྱིས་མེ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་བདུན་འདོན་སྤྲོད་བྱེད་རྒྱུར་ཆོག་མཆན་བཀོད་པ་དང་། དེའི་ནང་ཟླ་ལྔ་བའི་ནང་མེ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་གཉིས་བཏང་བ་དང་། ཟླ་དགུ་བའི་ཟླ་མགོར་མེ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་བཏང་། ཝུའུ་ཁི་ལན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཡོ་སྒོར་ཐེར་འབུམ་གཉིས་གཏོང་རྒྱུའི་རེ་བ་བཏོན་ཡོད་ལ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཟླ་ལྔ་བར་ཡོ་སྒོར་དུང་ཕྱུར་གཅིག་བཏང་བ་དང་། ཟླ་དྲུག་པར་ཡོ་སྒོར་དུང་ཕྱུར་ལྔ་བཏང་བ་རེད། ཕྱོགས་གཉིས་ཀྱིས་སྐོར་ཐེངས་རྗེས་མའི་ཡོ་སྒོར་ཐེར་འབུམ་གཅིག་གི་དངུལ་བུན་གྱི་དོན་ལ་གྲོས་བསྡུར་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག