མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་གི་ཙུང་ལི་ཡིས་དབྱི་ལིང་ལ་འཚམས་འདྲི་བྱས་ཏེ་མཉམ་ལས་བྱས་ནས་དབྱི་སི་ལན་གྱི་དབྱི་སི་ལན་རྒྱལ་ཁབ་ལ་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-20 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ཙུང་ལི་ཨ་པཱ་ཏིས་ཀྱིས་ཚེས་ཉི་ཤུའི་ཉིན་འཇར་མན་གྱི་ཏི་ཧེ་ལན་ལ་འཚམས་འདྲི་བྱས་ཏེ་དབྱི་ལིང་གི་མགོ་ཁྲིད་པ་དང་གྲོས་མོལ་བྱེད་རྒྱུ་རེད། དེ་ནི་དབྱི་རག་སྲིད་གཞུང་གསར་འགྱུར་ཅུའུ་ཡིས་ཚེས་བཅུ་དགུའི་ཉིན་ཁྱབ་སྒྲོག་བྱས་པའི་གནས་ཚུལ་རེད།

བསྒྲགས་པའི་གནས་ཚུལ་ལྟར་ན། འཚམས་འདྲིའི་དུས་ཡུན་ཉིན་གཅིག་ཡིན་པ་དང་། སྲིད་གཞུང་གི་མགོ་གཙོའི་འཚམས་འདྲི་དེ་དབྱི་རག་ལ་རོགས་སྐྱོར་བྱེད་པ་དང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱི་དང་ས་ཁུལ་གྱི་མཉམ་ལས་ཁྱབ་ཁོངས་ནང་སྤེལ་རྒྱུ་རེད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག