མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོའི་འཐུས་མིས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ལག་གདང་སྦྲེལ་ནས་ཨེ་པོ་ལ་ནད་ཡམས་ལ་ཁ་གཏད་གཅོག་དགོས་པའི་རེ་འབོད་བྱས་པ།

སྐྱིད་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-19 10:21

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་བཞུགས་ཀྲུང་གོའི་འཐུས་མི་ཝང་མིང་གིས་སྤྱི་ཚེས་17ཉིན་སྐབས་69པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་འབྲེལ་ཡོད་ཨ་ཧྥེ་རི་ཁ་གླིང་གོང་འཕེལ་གྱི་གྲོས་གཞིའི་གྲོས་ཚོགས་ཐོག རྒྱལ་སྤྱིའི་སྤྱི་ཚོགས་ནས་ལག་གདང་སྦྲེལ་ནས་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ལ་ཨེ་པོ་ལ་ནད་ཡམས་ལ་ཁ་གཏད་གཅོག་རོགས་བྱེད་དགོས་པའི་རེ་འབོད་གནང་བ་མ་ཟད། ཀྲུང་གོའི་ཕྱོགས་ནས་མུ་མཐུད་དེ་ཨ་ཧྥེ་རི་ཁ་གླིང་ནུབ་མའི་རྒྱལ་ཁབ་དང་དཀའ་སྡུག་མཉམ་མྱོང་གིས་ནད་ཡམས་འགོག་བཅོས་བྱེད་རྒྱུའི་རྣམ་པ་བསྟན་འདུག

ཨ་ཧྥེ་རི་ཁ་གླིང་གི་གོང་འཕེལ་གནད་དོན་ཐད་ཝང་མིང་གིས། ཨ་ཧྥེ་རི་ཁ་གླིང་གི་གོང་འཕེལ་ནི་རྒྱལ་སྤྱིའི་གོང་འཕེལ་མཉམ་ལས་ཀྱི་གལ་ཆེའི་གྲུབ་ཆའི་ཆ་ཤས་ཡིན་པས་ཨ་ཧྥེ་རི་ཁ་གླིང་གི་གོང་འཕེལ་ལ་སྐུལ་འདེད་བཏང་ཚེ་གཞི་ནས་འཛམ་གླིང་དར་རྒྱས་ཡོང་ཐུབ་ཅེས་དང་། ཝང་མིང་གིས་ཀྲུང་གོ་ནི་དུས་ནམ་ཡང་སྤུན་ཟླ་ཨ་ཧྥེ་རི་ཁའི་གྲོགས་པོ་བློ་ཐུབ་དང་ཡིད་ཆེས་བྱེད་རིན་ཆེ་ཤོས་ལྡན་པའི་རོགས་པ་རེད། ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་དང་མཐུན་སྒྲིལ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི་སྔ་བར་ཕྱི་གསུམ་དུ་ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ཀྱི་རྨང་གཞི་གལ་ཆེན་ཞིག་རེད་ཅེས་གསུངས་འདུག  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག