མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ནས་མཉམ་དུ་དབུལ་ཕོངས་མེད་པ་བཟོ་དགོས་པའི་སྐུལ་འདེབས་བྱས་པ།

སྐྱིད་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-19 10:21

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་སྤྱི་ཚེས་17ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དབུལ་སེལ་ཉིན་མོའི་ཐད་ཤིས་ཚིག་གསུངས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁོ་ཐག་ཆོད་པའི་བྱ་སྤྱོད་སྤེལ་ནས་དབུལ་ཕོངས་མེད་པ་བཟོས་ཐོག་མི་ཡོད་ཚད་ལ་རྒྱུན་མཐུད་དང་ཞི་བདེ། དར་རྒྱས། གཞུང་དྲང་བཅས་ཀྱི་མ་འོངས་སྐྲུན་དགོས་པའི་སྐུལ་འདེབས་བྱས་འདུག

ཕན་ཅི་ཝུན་གྱིས་ཤིས་ཚིག་ནང་། སྤྱི་ལོ་2015ལོའི་རྗེས་ཀྱི་རྒྱུན་མཐུད་གོང་འཕེལ་གྲོས་རིམ་བཟོ་བ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་བརྒྱུད་རིམ་ནང་ང་ཚོས་ཆེས་གཞི་རྩའི་འོས་འགན་ལ་ལྷོད་གཡེངས་རྩ་བ་ནས་བྱེད་མི་རུང་ཞིང་གསལ་པོ་བཤད་ན་རྣམ་པ་གང་རུང་གི་དབུལ་ཕོངས་མེད་པ་བཟོ་དགོས་ཀྱི་ཡོད་ཅེས་གསུངས་འདུག

སྤྱི་ལོ་1992ལོའི་ཟླ་12ཚེས་22ཉིན་སྐབས་47པའི་མཉམ་འབྲེལ་ཚོགས་ཆེན་ཚོགས་ཆེན་ཐོག་ལོ་རེའི་ཟླ་10ཚེས་17ཉིན་དེ་རྒྱལ་སྤྱིའི་དབུལ་སེལ་ཉིན་མོར་གཏན་འཁེལ་བྱེད་རྒྱུའི་གཏན་འབེབས་བྱས་པ་དང་དེའི་དམིགས་ཡུལ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ནས་དབུལ་ཕོངས་གནད་དོན་ལ་མཐོང་ཆེན་བྱེད་པ་དང་འཛམ་གླིང་ཡོངས་ཀྱིས་དབུལ་ཕོངས་སེལ་བའི་ལས་དོན་དྲིལ་བསྒྲགས་དང་དེར་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཁག་གིས་ཞིབ་ཕྲའི་དབུལ་སྐྱོར་བྱ་སྤྱོད་བཟུང་རྒྱུ་སྐུལ་སློང་བྱེད་ཆེད་ཡིན་པ་རེད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག