མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་གྱི་རྒྱལ་སྲིད་ལས་དོན་བློན་ཆེན་སོགས་བུད་མེད་དཔོན་པོ་གསུམ་གྱིས་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས།

བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-19 10:20

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱི་ནེ་ཀིའི་བུད་མེད་དཔོན་པོ་གསུམ་གྱིས་ཚེས་བཅོ་བརྒྱད་ཉིན་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས། དེ་ནི་ད་ལོའི་ཟླ་དགུ་བར་ཨན་པའེ་ཅིན་སན་གྱིས་ནེ་ཀི་ལེགས་སྒྲིག་བྱས་རྗེས་ཐོག་དང་པོར་ནེ་ཀིའི་ཁོངས་མིས་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས་པ་རེད།

བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་སྲིད་ལས་དོན་བློན་ཆེན་ཀའོ་ཧྲི་ཙོ་མེའོ་དང་རྒྱལ་ཁབ་སྤྱི་བའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཧྲན་ཀུའུ་ཧོས་ལི་ཙི། དེ་མིན་ཡུག་ཚོན་ཀྲི་ཙི་བཅས་ཀྱིས་ཚེས་བཅོ་བརྒྱད་ཉིན་སོ་སོར་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས། ཀའོ་ཧྲི་ཙོ་མེའོ་དང་ཧྲན་ཀུའུ་ཧོས་ལི་ཙི་གཉིས་ཀྱིས་མཇལ་ཕྱག་བྱས་རྗེས་བཤད་རྒྱུར། མཇལ་ཕྱག་བྱེད་པ་ནི་དཔའ་བོ་རྣམས་ལ་བཀའ་དྲིན་དང་མྱ་ངན་ཞུ་བའི་ཆེད་དུ་ཡིན་ཟེར།

ནེ་ཀིའི་ཁོངས་མི་དེ་གསུམ་པོ་ད་ལོའི་ཟླ་དགུ་བར་ནེ་ཀིར་ལེགས་བཅོས་བྱེད་སྐབས་ཞུགས་པ་ཡིན་ལ། ཁོ་མོ་ཚོ་ནི་འཇར་པན་བག་འཁུམ་ཏང་གི་ཆབ་སྲིད་འཐུས་མི་ཡིན། ཁོ་མོ་ཚོ་ནེ་ཀིའི་ནང་མ་ཞུགས་གོང་ཐེངས་མང་བོར་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས་མྱོང་།

ཅིན་གོ་ལྷ་ཁང་གིས་ཚེས་བཅུ་བདུན་ཉིན་ནས་ཚེས་ཉི་ཤུའི་ཉིན་བར་སྟོན་ཁའི་མཆོད་འབུལ་ཆེན་མོའི་བྱ་འགུལ་སྤེལ་བཞིན་ཡོད་པ་དང་། ཨན་པའེ་ཅིན་སན་གྱིས་ཚེས་བཅུ་བདུན་ཉིན་ནེ་ཀིའི་ཙུང་ལིའི་བློན་ཆེན་གྱི་མིང་ཐོག་ནས་མཆོད་རྫས་ཕུལ། དེ་ལས་གཞན་རྒྱལ་ཚོགས་ཀྱི་གྲོས་མིས་གྲུབ་པའི་ཚང་མ་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱེད་ཅེས་པའི་གྲོས་མིའི་ཚོགས་པས་ཚེས་བཅུ་བདུན་ཉིན་མཉམ་དུ་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས། དེའི་ནང་མི་བརྒྱ་དང་བཅུ་དངོས་སུ་ཡུལ་དངོས་ལ་ཐོན་ཡོད།  །

 

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག