མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱང་ཅེ་ཁྲི་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་གཉིས་ཀྱིས་གྲོས་མོལ་བྱས།

བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-19 10:20

10月18日,在美国马萨诸塞州波士顿,国务委员杨洁篪(左)和美国国务卿克里举行会谈前与媒体见面。.jpg

ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན། ཨ་མེ་རི་ཁའི་མཱ་སཱ་ཀྲུའུ་སེ་ཀྲིག་གི་པའོ་ཧྲི་ཏོན་ནས། ཀྲུང་གོའི་རྒྱལ་སྲིད་ཨུ་ཡོན་དབྱང་ཅེ་ཁྲི་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་གཉིས་ཀྱིས་གྲོས་མོལ་མ་བྱས་གོང་གསར་འགོད་པར་ཐུག་འཕྲད་བྱས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་ཨུ་ཡོན་དབྱང་ཅེ་ཁྲི་ཡིས་ཚེས་བཅོ་བརྒྱད་ཉིན་པའོ་ཧྲི་ཏོན་ནས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་མོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས།

    དབྱང་ཅེ་ཁྲི་ཡིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་ཙུང་ཐུང་ཨོ་པཱ་མཱ་ཡིས་ཟླ་རྗེས་མར་ཀྲུང་གོར་ཡོང་ནས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ལ་ཞུགས་ཤིང་ཀྲུང་གོར་འཚམས་འདྲི་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་པ་དང་། ཨ་མེ་རི་ཁའི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཤིང་། གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་འབྱུང་བར་འགན་སྲུང་བྱེད་པ་དང་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་མོའི་འབྲེལ་བའི་འཛུགས་སྐྲུན་ལ་ཡར་སྐུལ་བྱེད་འདོད་ཡོད་ཟེར། ཀྲུང་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། ཐེངས་འདིའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ནས་སྔོན་དཔག་གི་གྲུབ་འབྲས་ཐོབ་པར་བྱས་ནས་ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་ཡར་སྐུལ་བྱེད་དགོས་ཟེར། ཀྲུང་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ལས་དོན་ཁྲོད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ནས་ས་ཁུལ་གྱི་བརྟན་འཇགས་དང་དར་རྒྱས་ལ་ཡར་སྐུལ་བྱེད་དགོས་ཟེར།

    ཁི་ལེ་ཡིས་བཤད་རྒྱུར། མ་འོངས་པར་རྒྱང་བལྟ་བྱས་ན་ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་མང་བོ་ནས་མཉམ་ལས་བྱས་ཆོག ཨ་མེ་རི་ཁའི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་འབྲེལ་འདྲིས་དང་གྲོས་མོལ། མཉམ་ལས་བཅས་ལ་ཤུགས་སྣོན་པ་དང་། འགལ་བ་སྣ་ཚོགས་ཞི་འཇགས་སུ་བཏང་སྟེ་རྒྱུན་ཆད་མེད་པར་ཨ་མེ་རི་ཁ་དང་ཀྲུང་གོའི་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་མོའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད། ཙུང་ཐུང་ཨོ་པཱ་མཱ་ཡིས་ཟླ་རྗེས་མར་ཀྲུང་གོར་འཚམས་འདྲི་བྱེད་པར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། གོ་སྐབས་གལ་ཆེན་དེ་བེད་སྤྱད་ནས་ཀྲུའུ་ཞི་ཞི་ཅིན་ཕེན་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་པར་གྲོས་བསྡུར་བྱེད་པར་རེ་བ་ཁེངས་ཡོད་ཟེར། ཨ་མེ་རི་ཁའི་ཕྱོགས་ཀྱིས་ཀྲུང་གོར་གཞོགས་འདེགས་བྱས་ཏེ། ཐེངས་འདིའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ནས་གྲུབ་འབྲས་ལོན་པར་ཡར་སྐུལ་བྱེད་འདོད་ཡོད་ཟེར།

    ཕྱོགས་གཉིས་ཀྱིས་ད་རུང་ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་དང་དམག་དཔུང་བར་གྱི་འབྲེལ་བ། མཉམ་ལས་བྱས་ཏེ་ནམ་ཟླའི་འགྱུར་ལྡོག་དང་ཨེ་པའོ་ལཱ་རིམས་ནད་ཐག་གཅོད་པ། དེ་མིན་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་དང་། དབྱི་ལིང་གི་ཉིང་རྡུལ་ནུས་པ། དབྱི་རག ཨ་ཧྥུའུ་ཧན། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། དབྱང་ཅེ་ཁྲི་ཡིས་ཀྲུང་གོའི་རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་བྱས།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག