མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཅིན་གྱིས་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པའི་བྱེད་ཕྱོགས་ནི་མེན་སི་ཁིའི་གྲོས་མཐུན་ཡིན་པར་བཤད།

བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-19 10:20

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་བདུན་ཉིན་མེན་སི་ཁི་ནས་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་དང་གྲོས་མོལ་བྱས་རྗེས་བསྟན་དོན། ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པའི་བྱེད་ཕྱོགས་ནི་མེན་སི་ཁིའི་གྲོས་མཐུན་ཡིན་དགོས་ཟེར།

ཕུའུ་ཅིན་གྱིས་གསར་འགོད་པར་བཤད་རྒྱུར། ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཕྱོགས་ནི་མེན་སི་ཁིའི་གྲོས་མཐུན་ཡིན་དགོས་ཀྱང་། ཡིད་འཕང་བ་ཞིག་ལ་ཕྱོགས་གང་ཡིན་ཡང་གྲོས་མཐུན་དེ་མཐའ་གཅིག་ཏུ་ལག་བསྟར་བྱེད་ཐུབ་མེད་ཟེར། ཡང་གཅིག་བཤད་ན་ཨུ་རུ་སི་གསར་བའི་དམངས་དམག་འཐུས་མི་དང་ཝུའུ་ཁི་ལན་གྱི་འཐུས་མི་གང་ཡིན་ཡང་མིག་སྔར་གྲོས་མཐུན་དེ་ལག་བསྟར་གང་ལེགས་བྱས་མེད་ཟེར།

ཟླ་དགུ་བའི་ཚེས་ལྔ་ཉིན། ཝུའུ་ཁི་ལན་གྱི་ཉམས་ཉེན་ལ་བར་འདུམ་བྱེད་པའི་ཕྱོགས་གསུམ་གྱི་འབྲེལ་གཏུག་ཚན་ཆུང་གིས་མེན་སི་ཁིའི་གྲོས་ཚོགས་ཀྱི་སྒྲོམ་གཞིའི་འོག ཅི་ཧྥུའུ་སྲིད་གཞུང་དང་རང་འདོད་ལྟར་བཙུགས་པའི་ཏོན་ནེ་ཚི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ལུའུ་ཀན་སི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་གྲོས་མཐུན་རབ་དང་རིམ་པ་འགོད་པར་ཐོག་དང་པོར་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་དགོས་ཟེར།  །

 

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག