མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཁན་ཡ་ཐའི་གྱོད་གཞི་མུ་མཐུད་འདྲི་གཅོད་བྱེད་པའམ་ཡང་ན་འདྲི་གཅོད་བྱེད་མཚམས་འཇོག་བྱེད་མིན་ཐག་གཅོད་རྒྱུ་ཡིན་པ།

མིག་དམར་རྒྱ་མཚོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-18 11:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁན་ནི་ཡའི་ཙུང་ཐུང་ཁན་ཡ་ཐས་ཧའེ་ཡ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་དཔང་རྟགས་ཉན་པའི་ཚོགས་འདུ་མཇུག་སྒྲིལ་རྗེས་སྤྱི་ཚེས་༩ཉིན་གྱི་ཞོགས་པ་ནེ་རོ་པིར་ཕྱིར་ལོག་ཡོད། ཁན་ཡ་ཐས་ཉེ་ལམ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཁོང་ལ་སྐྱོན་འཛུགས་བྱས་ནས་འཚོགས་པའི་ཁྲིམས་རའི་འདྲི་གཅོད་ཀྱི་དཔང་རྟགས་ཉན་པའི་ཚོགས་འདུར་ཞུགས་ཡོད། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་དཔང་རྟགས་ཉན་པའི་ཚོགས་འདུ་འཚོགས་རྗེས་ཁན་ཡ་ཐའི་གྱོད་གཞི་མུ་མཐུད་འདྲི་གཅོད་བྱེད་པའམ་ཡང་ན་འདྲི་གཅོད་བྱེད་མཚམས་འཇོག་རྒྱུ་ཡིན་མིན་ཐག་གཅོད་རྒྱུ་ཡིན་པ་རེད། སྤྱི་ལོ་2012ལོར་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ལྐོག་གསོད་དང་། བཙན་ཐབས་ངང་མཐའ་སྐྲོད་གཏོང་བ། མནར་གཅོད་སོགས་མིའི་རིགས་ལ་ངོ་རྒོལ་བྱེད་པའི་ཉེས་མིང་ཐོག་ནས་ཁན་ཡ་ཐ་ཁྲིམས་ལ་གཏུག་པ་དང་། ཁན་ཡ་ཐ་ནི་སྤྱི་ལོ་2007ལོའི་འདེམས་བསྐོ་ཆེན་མོའི་གཏུམ་སྤྱོད་དོན་རྐྱེན་གྱི་ངན་སྐུལ་པ་ཞིག་ཡིན་ཞེས་བཤད་ཡོད། སྐབས་དེ་དུས་ཀྱི་འདེམས་བསྐོ་ཆེན་པོ་མཇུག་སྒྲིལ་རྗེས་ཐོན་པའི་གཏུམ་སྤྱོད་དོན་རྐྱེན་ནང་མི་ཆིག་སྟོང་ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་འབུམ་ལྔ་ཁྲི་ཙམ་ཆག་ས་བརྟེན་ས་མེད་པར་གྱུར་ཡོད། ཁན་ཡ་ཐས་གོང་གསལ་གྱི་ཉེས་མིང་ཁས་ལེན་བྱེད་ཀྱི་མེད་པ་རེད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག