མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨན་པའེ་ཅིན་སན་གྱིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་གྱི་མིང་ཐོག་ནས་ཅིན་གོ་ལྷ་ཁང་ལ་མཆོད་རྫས་ཕུལ།

བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-18 11:25

一些日本国会议员参拜.jpg

འཇར་པན་རྒྱལ་ཚོགས་ཀྱི་གྲོས་མི་རེ་འགས་མཇལ་ཕྱག་བྱེད་བཞིན་ཡོད།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན། འཇར་པན་གྱི་ཏུང་ཅིན་དུ་ཡོད་པའི་ཅིན་གོ་ལྷ་ཁང་ནས་མཆོད་འབུལ་མཁན་ཞིག་གིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་ཀྱིས་ཚེས་བཅུ་བདུན་ཉིན་ཅིན་གོ་ལྷ་ཁང་ལ་མཆོད་རྫས་ཕུལ་ཡོད་ཟེར། ཅིན་གོ་ལྷ་ཁང་ཕྱོགས་ཀྱིས་བཤད་རྒྱུར། ཨན་པའེ་ཅིན་སན་གྱིས་ནེ་ཀིའི་ཙུང་ལིའི་བློན་ཆེན་ཨན་པའེ་ཅིན་སན་གྱི་མིང་བཀོལ་ནས་མཆོད་རྫས་ཕུལ་བ་རེད་ཟེར། དེ་ལས་གཞན་རྒྱལ་ཚོགས་གྲོས་ཁང་གི་གྲོས་མི་བརྒྱ་དང་བཅུ་ལྷག་གིས་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག